ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་ཕྱོགས་ཡོངས་ནས་བ་སོ་ཉོ་ཚོང་གཏན་འགོག་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ།

སྤེལ་དུས 2018-01-10 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ལྕགས་བྱམས།
          2018ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཀྲུང་གོས་ཕྱོགས་ཡོངས་ནས་ཚོང་ལས་རང་བཞིན་གྱི་བ་སོ་ལས་སྣོན་དང་ཕྱིར་ཚོང་བྱེད་སྒོ་སྤེལ་མཚམས་བཞག་པ་དེ་ནི་ཀྲུང་གོས་གླང་ཆེན་གྱི་རིགས་ལ་ལོ་གསར་གྱི་ལག་རྟགས་ཆེན་པོ་སྤྲད་པ་ཞིག་ཡིན་ལ་འགན་འཁྲི་ཁུར་མཁན་རྒྱལ་ཁབ་ཆེན་པོས་འཛམ་གླིང་ལ་རྔམ་བརྗིད་ལྡན་པའི་ཁས་ལེན་བྱས་པ་ཞིག་དེ་བས་རེད།
          ཉིན་ཤས་བསྟུད་མར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ཁྱབ་ཁོངས་ནང་འབད་བརྩོན་བྱས་པར་བསྔགས་བརྗོད་བྱས་པ་དང་བ་སོ་ཉོ་ཚོང་གཏན་འགོག་བྱས་པ་དེ་ཐོག་ནས་ལྐོག་རྔོན་རྒྱག་མཁན་ལ་རྡུང་རྡེག་གཏོང་བའི་ཀྲུང་གོའི་ཆོད་སེམས་མངོན་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་ལ་མིག་དཔེ་སྟོན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
          “ཉོ་ཚོང་མེད་ན་གནོད་འཚེ་མེད”ཀྲུང་གོའི་བ་སོ་ཉོ་ཚོང་གི་བཀག་རྒྱས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་རྒྱག་པ་འབྱུང་རྩ་ནས་མེད་པ་བཟོས་ཏེ་ཁྲིམས་འགལ་ངང་རྔོན་རྒྱག་མཁན་ཚོ་ཟིལ་གྱིས་གནོན་ཡོད།
          སྤྱི་ཁྱབ་པུའུ་སུའེ་ཙེར་དུ་བཙུགས་པའི་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོའི་བྱེད་ཐབས་དེས་ཤུགས་རྐྱེན་བཟང་པོ་ཐེབས་ཏེ་ཨ་ཧྥེ་རི་ཁའི་གླང་ཆེན་ཁྲིམས་འགལ་ངང་གསོད་པ་དང་ལྐོག་འདྲེན་བྱེད་པའི་སྣང་ཚུལ་སྔར་བས་ཚོད་འཛིན་ཐུབ་རྒྱུར་ཕན་པ་ཡོད་ལུགས་བརྗོད་པ་རེད། རྩ་འཛུགས་དེའི་ཨ་ཧྥེ་རི་ཁའི་ལས་དོན་གྱི་འགན་གཙོ་བོ་འཁུར་མཁན་ཧྥེ་ལེ་ཏེ·ཁའོ་མེ·ཁུའུ་མ་ཡིས་བདག་ཏུ་མ་བཟུང་བའི་གླང་ཆེན་སྲུང་སྐྱོང་བྱེད་པའི་ཐད་ཀྲུང་གོས“རླབས་ཆེ་བའི་འགོ་ཁྲིད་ཀྱི་ནུས་པ”མངོན་པར་བྱས་ཡོད་ཅེས་བཤད།
རྒྱལ་སྤྱིའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་ཚོང་དོན་ཞིབ་འཇུག་རྩ་འཛུགས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁོངས་ཀྱི་འགན་འཁུར་བ་ཁེ་ལི་ཧྲེ་ན་ས་སྨི་ཡིས་ཀྲུང་གོས་ཚོང་ལས་རང་བཞིན་གྱི་བ་སོ་དང་དེ་བཞིན་དེའི་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་གཏན་འགོག་བྱས་པའི་དོན་སྙིང་ཧ་ཅང་གཏིང་ཟབ་མོ་ཡོད་ཅེས་བཤད་པ་དང་ཁོང་གིས་ཕྱོགས་ཁག་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོས་བྱེད་ཐབས་ནུས་ལྡན་སྤྱད་པར་ནུས་པ་དེ་བས་ཆེ་བ་ཐོན་ཐུབ་རྒྱུའི་རེ་འབོད་བྱེད་ཀྱི་ཡོད།
ཨ་ཧྥེ་རི་ཁའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སའེ་པུའུ་ཉི་ཡ་ཡིས་ཀྲུང་གོས་ཨ་ཧྥེ་རི་ཁའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སྲུང་སྐྱོང་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་ཁས་ལེན་དེ་འབོད་ཚིག་སྟོང་པ་ཞིག་མ་ཡིན་པར། དོན་གཉེར་གྱི་བྱ་ཐབས་སྤྱད་ཡོད་ཅེས་བརྗོད།
          ཐེ་ལན་དུ་བཅའ་སྡོད་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱི་རྣམ་གྲངས་འགན་འཁུར་བ་ཁང་ཏེང་གིས་ཀྲུང་གོས་བ་སོའི་ཁྲོམ་ར་སྒོ་བརྒྱབ་པ་དེ་ནི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱ་གཞག་ཐད་སྣེ་འཁྲིད་ཀྱི་ནུས་པ་ཐོན་རྒྱུར་དོན་སྙིང་སྤྱིར་བཏང་མ་ཡིན་པ་ལྡན་པ་དང་ས་ཁུལ་གཅིག་ནང་གི་རྒྱལ་ཁབ་གཞན་གྱིས་ཀྱང་ཀྲུང་གོའི་སྣེ་འཁྲིད་འོག་རང་སོ་སོའི་བ་སོ་ཉོ་ཚོང་ཁྲོམ་ར་སྒོ་རྒྱག་རྒྱུའི་རེ་བ་ཡོད་ཅེས་བཤད།
          རུ་ཝང་ཏའི་ཁོར་ཡུག་སྲུང་སྐྱོང་གི་རིགས་གཅིག་མཁས་ཅན་པཱ་ཁུའུ་ཨེན་ཆེས་བྱེད་ཐབས་དེ་ལས་ཀྲུང་གོ་སྲིད་གཞུང་གི་བ་སོ་ལྐོག་རྔོན་རྒྱག་པར་རྡུང་རྡེག་གཏོང་བ་དང་གླང་ཆེན་སྲུང་སྐྱོང་བྱེད་པའི་ཐད་ཀྱི་ཆབ་སྲིད་ཀྱི་འདོད་ཚུལ་གང་ལེགས་མངོན་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ཁྱབ་ཁོངས་སུ་ཀྲུང་གོས་འཛམ་གླིང་ལ་མིག་དཔེ་བཏོན་ཡོད། ཀྲུང་གོ་སྲིད་གཞུང་གི་བྱེད་ཐབས་དེས་རི་པིན་དང་། ཐེ་ལན། ཝེ་ཐེ་ནམ་སོགས་འཛམ་གླིང་གི་བ་སོ་ཉོ་ཚོང་ཁྲོམ་ར་ཆེ་ཤོས་སྒོ་རྒྱག་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
          ཐན་ཙན་ནི་ཡར་བཅའ་སྡོད་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་མི་ཨེན་ཀུའུ་ས་ལུའུ་ཡིས་ཀྲུང་གོས་བ་སོ་ཉོ་ཚོང་བཀག་འགོག་དང་ལྐོག་རྔོན་ལ་རྡུང་རྡེག་གཏོང་བའི་ཐད་ཁས་ལེན་ལག་བསྟར་ཧུར་ཐག་བྱས་པར་བསྔགས་བརྗོད་ཆེན་པོ་བྱས་པ་དང་མིག་སྔར་བ་སོ་ཉོ་ཚོང་གི་བཀག་རྒྱ་ལག་བསྟར་བྱས་མེད་པའི་རྒྱལ་ཁབ་ཀྱིས་ཀྲུང་གོར་མིག་དཔེ་བལྟས་ནས་ཐུན་མོང་ཐོག་བ་སོ་དང་དེའི་ཐོན་རྫས་ཉོ་ཚོང་བྱ་རྒྱུ་བཀག་འགོག་བྱ་རྒྱུའི་རེ་འབོད་བྱས་ཡོད།
          སའེ་པུའུ་ཉི་ཡ་ཡིས་ཀྲུང་གོས་བ་སོ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་འོས་འགན་ལག་བསྟར་ཧུར་ཐག་བྱས་པ་དེ་ཐོག་ནས་འགན་འཁྲི་ཁུར་མཁན་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་ཕོད་པ་མཚོན་ཡོད་ཅེས་བཤད།
ཙམ་པབ་ཝེ་ཡི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་རྩ་འཛུགས་ཀྱི“སྲུང་སྐྱོང་ལས་འགན་གྱི་སྟོབས་ཤུགས”ཀྱི་ཀྲུའུ་ཞི་ལུའོ་ཏེ་ལི་ཀེ་སི་ཡིས་ཀྲུང་གོས་ཨ་ཧྥེ་རི་ཁའི་གླང་ཆེན་གྱི་གྲངས་ཚད་ཅུང་མང་བའི་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་བ་སོ་དང་དེ་བཞིན་དེའི་ཐོན་རྫས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
          མོ་ཙམ་པི་ཁེའི་ཁོར་ཡུག་རིག་པ་མཁས་ཅན་སའེ་ལ་ཡིས་ཀྲུང་གོས་ཕྱོགས་ཡོངས་ནས་བ་སོ་ཉོ་ཚོང་གཏན་འགོག་བྱས་པ་དེས་མོ་ཙམ་པི་ཁེའི་བྱང་རྒྱུད་དང་ལྷག་པར་དུ་ཉི་ཡ་ས་ཞིང་ཆེན་གྱི་ཁྱུ་ཚོགས་སྲུང་སྐྱོང་ལ་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུའི་རེ་བ་ཡོད། མིག་སྔར་མོ་ཙམ་པི་ཁེའི་ཀ་ལུང་ཀ་ས་སྲུང་སྐྱོང་ཁུལ་དུ་ལྐོག་རྔོན་རྒྱག་པའི་བྱ་སྤྱོད་ཉིན་བཞིན་སྤེལ་ཤུགས་ཆུང་དུ་འགྲོ་བཞིན་ཡོད་པས་གླང་ཆེན་གྱི་ཁྱུ་ཚོགས་རིམ་བཞིན་སླར་གསོ་ཐུབ་རེ་ཡོད་ཅེས་བཤད།