ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་རྒྱལ་སྤྱིའི་ཚོང་ཚོགས་ཀྱིས་ཀྲུང་གོ་དང་ཐེ་ལན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་རོགས་རམ་བྱེད་པ།

སྤེལ་དུས 2018-03-14 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། བདེ་སྐྱིད་བུ་ཁྲིད།
           ཀྲུང་གོ་རྒྱལ་སྤྱིའི་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲེང་ཆིང་ཐའོ་ཡིས་ཉེ་ཆར་པང་ཁོག་ཏུ་རྒྱལ་སྤྱིའི་ཚོང་ཚོགས་ཀྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཐེ་ལན་དུ་འཚམས་འདྲི་བྱེད་རིང་སྲིད་གཞུང་གི་སྒྲིག་གཞི་དང་ས་གནས་དེ་གའི་ཁེ་ལས་དང་ཐུག་འཕྲད་བྱས་ཏེ་ཀྲུང་གོ་དང་ཐེ་ལན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
           འདི་ཟླའི་ཚེས་4ནས་10ཉིན་བར་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མིས་ཁམ་ཕུ་ཁྲེ་དང་ཐེ་ལན་ལ་འཚམས་འདྲི་བྱས་པ་རེད། ཁྲེང་ཆིང་ཐའོ་ཡིས་ཐེ་ལན་གྱི“ཤར་རྒྱུད་དཔལ་འབྱོར་བར་འཁྱམས”འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་རིགས་བཞི་ཡི་མཉམ་ལས་ཁྱབ་ཁོངས་15ཡི་མང་ཆེ་བ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མཐུན་པ་དཔེར་ན། རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ་གསར་པ། སྐྱེ་དངོས་གསོ་རིག་སོགས་ལ་ཀྲུང་གོའི་ཁེ་ལས་ལ་ལེགས་ཆ་ངེས་ཅན་ལྡན་པ་མ་ཟད་ཧུར་ཐག་ངང“ཕྱིར་སྐྱོད་བཞིན་པའི”ཁྱབ་ཁོངས་ཡིན་པ་རེད་ཅེས་བརྗོད།