ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

འཛམ་གླིང་མིག་ལམ་ནང་གི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ།

སྤེལ་དུས 2018-03-14 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སྙིང་ལྕགས།
             མི་དམངས་དྲ་བའི་འཕྲིན། འདི་ལོའི་ཚོགས་འདུ་གཉིས་དེ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ་དང་སྐབས་ཏག་ཏག་འཁེལ་ཡོད། ལོ་40ཡི་རིང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་མུ་མཐུད་མདུན་ཕྱོགས་སུ་སྐྱོད་པ་དང་སྒྱུར་བཅོས་སྒོ་དབྱེའི“དཔྱིད་ཀྱི་གཏམ་རྒྱུད”དེ་ལས་ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་བར་ཡང་འགྱུར་ལྡོག་བྱུང་ཡོད། འདི་ལོའི་ཚོགས་འདུ་གཉིས་རིང་། ཀྲུང་གོས་འཛམ་གླིང་ལ་བསམ་བློ་སླར་ཡང་བཅིངས་འགྲོལ་དང་། སྒྱུར་བཅོས་སླར་ཡང་གཏིང་ཟབ། སྒོ་དབྱེ་སླར་ཡང་རྒྱ་ཆེ་བཅས་བྱ་རྒྱུའི་གསལ་བརྡ་བཏང་བ་རེད།
             སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་གསར་པ་བཏོན་པ།
             སྒྱུར་བཅོས་སྒོ་དབྱེར་སྒྲུབ་བཞིན་པ་ལས་ཚར་དུས་མེད། འདི་ལོའི་ཚོགས་འདུ་གཉིས་ཐོག་གལ་ཆེའི་སྒྱུར་བཅོས་ཀྱི་སྟོན་ཕྱོགས་གསལ་བསྒྲགས་བྱས་པ་སྟེ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་པ་དང་། རྩ་ལག་མཉམ་བཅོས་ཀྱིས་དངུལ་རྩའི་ཉམས་ཉེན་སྔོན་འགོག་ཚོད་འཛིན་བྱེད་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་ཁྲོམ་རའི་བྱེད་པོར་གསོན་ཤུགས་བསྣན་པ་དང་མི་དམངས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ། སྐུལ་མ་ཤུགས་ཆེར་བཏང་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། དམངས་ཕན་གྱི་དོན་དངོས་མང་ཙམ་སྒྲུབ་པ་དང་དམངས་འཚོའི་དཀའ་གནད་མང་ཙམ་སེལ་བ་བཅས་རེད།
             ཨ་རིའི་པུའུ་ལུའུ་ཅིན་སི་སློབ་ཚོགས་ཀྱི་གཡོད་ཧན·སང་ཏུན་ཀྲུང་གོའི་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཁྲེང་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་དཔལ་འབྱོར་ལ་བྱས་རྗེས་ངོ་མཚར་ཅན་བཏོད་ནས་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་ལ་ཡངས་པའི་ཁྲོམ་ར་མཁོ་འདོན་བྱས་པ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གྲུབ་འབྲས་ཐོབ་པའི་བློ་སྒོ་ཕྱེ་ཡོད། ཚོགས་འདུ་གཉིས་འཚོགས་པ་དང་སྦྲགས། ཀྲུང་གོས་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་གཞན་ཞིག་བསུས་ཡོད། “འཛམ་གླིང་གིས་དེ་བས་སྒོ་དབྱེའི་ཀྲུང་གོ་ཞིག་མཐོང་རྒྱུའི་རེ་སྒུག་བྱེད་པ་དང་ཀྲུང་གོས་སྒྱུར་བཅོས་བྱེད་ཤུགས་དེ་བས་ཆེ་བ་དང་སྒོ་དབྱེའི་གོམ་སྟབས་དེ་བས་ཆེ་བ་སྤོ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
             ཁེན་ནི་ཡའི་ནེ་རོ་པིའི་ཨ་རིའི་རྒྱལ་སྤྱིའི་འབྲེལ་བའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མ་ཁྲ་ལི་ཡ·མུའུ་ནེ་ནེས་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་བཏོན་པ་དེ་ནི་དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་པ་ཞིག་ཡིན་པས་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ཁུངས་ཁོར་ཡུག་དབར་གྱི་འགལ་ཟླ་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་ནས་རང་བྱུང་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་ཐུབ་ཡོད་ཅེས་བརྗོད་པ་རེད།
             སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་གཏོད་པ།
             སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་ནས་སྒོ་དབྱེའི་ཁྱབ་ཁོངས་དང་རིམ་པ་སྔར་བས་རྒྱ་ཆེར་གཏོང་བ་དང་སྒོ་དབྱེའི་གྲུབ་ཆའི་བཀོད་པ་དང་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།
             གླེང་ཕྱོགས་ཀྱིས་དུས་རབས་གསར་པར་སླེབས་པའི་ཀྲུང་གོས་མུ་མཐུད་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པ་དང་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པ་དེ་སྔར་བས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་དང་འགན་ལེན་དུ་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
             ཧྥ་རན་སེའི་ཕ་རི་སི་སློབ་ཆེན་ཨང་བརྒྱད་པའི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཕི་ཨེར·ཕི་ཁར་གྱིས“ཀྲུང་གོའི་སྒྱུར་བཅོས་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད”ཅེས་པ་དེ་འདི་ལོའི་ཀྲུང་གོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་ཁོང་ལ་བཞག་པའི་བག་ཆགས་ཤིག་ཡིན། ཀྲུང་གོའི་སྤྱི་ཚོགས་ཀྱི་གསོན་ཤུགས་མུ་མཐུད་འཕེལ་བ་བྱེད་པ་དང་ཀྲུང་གོའི་ཁེ་ལས་ལ་འགྲན་རྩོད་ནུས་པ་དེ་བས་ཆེ་བ་ཡོང་ཆེད་ཀྲུང་གོ་སྲིད་གཞུང་གིས་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཏོན་པ་མ་ཟད། ཞིབ་ཕྲའི་ཤུགས་རྒྱག་སའང་གསལ་བཏོན་བྱས་ཡོད། “ཡོ་རོབ་མནའ་འབྲེལ་གྱི་ངོས་ནས་བཤད་ན། ཀྲུང་གོས་སྔར་བས་སྒོ་མོ་འབྱེད་པ་དེས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་གཉིས་ཁེ་གཉིས་ཕན་གྱི་ཕྱོགས་སུ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ངེས་ཡིན་པ་སྨོས་མི་དགོས”ཞེས་བརྗོད་པ་རེད།
             སྒྱུར་བཅོས་སྒོ་དབྱེའི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་པ།
             འདི་ལོའི་ཚོགས་འདུ་གཉིས་ཀྱི་གྲོས་འགོ་དེ་འཛམ་གླིང་འཕེལ་རྒྱས་དང་འབྲེལ་བ་ཟབ་མོ་ཡོད་པ་སྟེ། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་རང་མོས་ཚོང་དོན་སྲུང་སྐྱོང་བྱེད་པ་དང་། སྒྱུར་བཅོས་ནང་ཧུར་ཐག་ཞུགས་ཏེ་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱ་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུར་ཤུགས་རྒྱག་པ། རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་བཅས་རེད།
             རྒྱ་གར་གྱི་ཀྲུང་གོའི་གནད་དོན་རིགས་གཅིག་མཁས་ཅན་དང་རྒྱ་གར་གྱི་ཀྲུང་གོ་ཞིབ་འཇུག་ཁང་གི་སུའོ་ཀྲང་ཟུར་པ་མ་ནུའོ་ལན་ཅང·མོ་ཧན་ཏིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེས་གོ་ལ་ཧྲིལ་པོའི་ཚོང་དོན་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་བ་མ་ཟད། དཔལ་འབྱོར་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་སྦྲགས། ཀྲུང་གོའི་ཕྱི་ཕྱོགས་མ་འཇོག་གིས་ཀྱང་མ་འཇོག་བྱ་ཡུལ་རྒྱལ་ཁབ་ལ་ལས་ཞུགས་ལས་གནས་དང་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་བསྐྲུན་ཡོད་ཅེས་བརྗོད་པ་རེད།
             སི་རི་ལན་ཁའི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཝེ་ལ་ཤིན་ཧ·ཀུའུ་ན་སེ་ཁེ་ལས་ལོ་40ཡི་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཁྱབ་ཁོངས་ཐད། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་བྱུང་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྔར་བས་དོན་འཁྱོལ་བྱས་པ་དང་སྦྲགས། ཀྲུང་གོས་འཛམ་གླིང་ལ་འགྱུར་ལྡོག་དེ་བས་མང་བ་གཏོད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
             ཧན་གོའི་ཤིས་ཅང་སློབ་ཆེན་རྒྱལ་སྤྱི་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཅིན་ཧྲི་ཀྲུང་གིས“ཀྲུང་གོར་རང་ཉིད་ཀྱི་འཕེལ་རྒྱས་དང་འཚམ་པའི་འགྲོ་ལམ་ཞིག་རྙེད་པ་དང་སྒྱུར་བཅོས་སྒོ་དབྱེར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔེ་གཞི་ཆེན་པོ་ཞིག་དང་གདམ་ག་བྱེད་ཆོག་པའི་ཐབས་ལམ་ཞིག་མཁོ་འདོན་བྱས་ཡོད་པས་རྒྱལ་ཁབ་དེ་དག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་དཔེ་དབྱིབས་ཁྲོད་ནས་ཕན་ཡོད་ཀྱི་ཉམས་མྱོང་བསྡུ་ལེན་བྱེད་ཆོག་གི་ཡོད”ཅེས་བརྗོད་པ་རེད།
             སྒྱུར་བཅོས་སྒོ་དབྱེ་ལས་ཀྲུང་གོའི་ལས་དབང་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། ཀྲུང་གོའི་མི་དམངས་ལ་ཕན་བདེ་བསྐྲུན་པ་མ་ཟད། འཛམ་གླིང་ལ་རེ་བས་ཁེངས་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གཏོད་རྒྱུར་ཡང་ཕན་ཐོགས་ཡོད་པ་རེད།