ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཧན་གོའི་ཕྱི་འབྲེལ་བློན་ཆེན་གྱིས་སྔོན་གྱི་འཆར་གཞི་ལྟར་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

སྤེལ་དུས 2018-03-15 ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། རྩོམ་པ་པོ། བསོད་ནམས་ཚེ་རིང་།
          ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་ཡིས་གཟའ་འཁོར་འདིའི་ནང་སྔོན་གྱི་འཆར་གཞི་ལྟར་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཐེངས་འདིའི་འགྲུལ་བཞུད་ལ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཏིས་ལེ་སིན་གྱི་རྒྱལ་སྲིད་བློན་ཆེན་གྱི་ལས་འགན་བླངས་པའི་གནད་དོན་གྱི་ཤུགས་རྐྱེན་ཐེབས་མེད་ཟེར།
          སྔོན་ནས་ཁྱབ་སྒྲོག་བྱས་པའི་ཉིན་རིམ་ལྟར་ན། ཁང་ཅིན་ཧི་ཚེས་བཅོ་ལྔ་ཉིན་ཨ་མེ་རི་ཁར་འཚམས་འདྲིར་འགྲོ་རྒྱུ་ཡིན་པ་དང་། ཚེས་བཅུ་དགུ་ཉིན་ཏིས་ལེ་སིན་དང་གྲོས་མོལ་བྱེད་རྒྱུ་རེད། ཏིས་ལེ་སིན་གྱི་ལས་འགན་བླངས་རྗེས་ཧན་གོའི་ཕྱོགས་ཀྱིས་ཐེངས་འདིའི་འཚམས་འདྲི་རྩིས་མེད་དུ་གཏོང་སྲིད་པར་སྒྲོག་བཞིན་ཡོད།
          མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བཤད་རྒྱུར། ཁང་ཅིན་ཧི་ཡིས་ཐུག་འཕྲད་བྱེད་པའི་མི་སྣ་ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲ་ལེ་ཝུན་ལ་བཅོས་ཡོད་པ་དང་། ཁོ་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་རེད། དཔོན་རིགས་དེས་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་བལྟས་ན། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འབྲེལ་འདྲིས་ཟབ་མོ་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། གནད་དོན་དེར་མི་སྣའི་བརྗེ་སྤོར་གྱི་ཤུགས་རྐྱེན་ཐེབས་མི་སྲིད་པར་འདོད།