ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་སྐད་ཀྱི་རྒྱལ་ཁབ་ཀྱི་གསར་འགོད་པའི་ཚོགས་པས་ཀྲེ་ཅང་དབྱི་ཝུའུ་ཡི་ཕྱི་ཕྱོགས་ཚོང་དོན་དཔལ་འབྱོར་ལ་བཅར་འདྲི་བྱས་པ།

སྤེལ་དུས 2018-05-16 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཉེ་ཆར། ཨུ་རུ་སུ་དང་། ཧ་སག་སི་ཐན། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན། ཐ་ཇིག་སི་ཐན་སོགས་རྒྱལ་ཁབ་ཀྱི་གསར་འགྱུར་ཁང་དང་། རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཚགས་པར་ཁང་སོགས་ཀྱི་གསར་འགོད་པ་བཅུ་ལྷག་ཙམ་ལས་གྲུབ་པའི་ཨུ་རུ་སུའི་སྐད་ཀྱི་རྒྱལ་ཁབ་ཀྱི་གསར་འགོད་པའི་ཚོགས་པ་ཀྲེ་ཅང་དབྱི་ཝུའུ་རུ་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་གི་འཕེལ་རྒྱས་གྲུབ་འབྲས་སྐོར་ལ་བཅར་འདྲི་བྱེད་པར་ཡོང་བ་དང་ས་གནས་ས་ཐོག་ཏུ་དབྱི་ཝུའུ་ཡི་ལྕགས་ལམ་འགག་སྒོ་དང་། རྒྱལ་སྤྱིའི་ཚོང་དོན་གྲོང་། ལི་མ་ཁབ་བསླས་སོགས་ལ་རྟོག་ཞིབ་བྱས་པ་རེད།
           “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྐུལ་འདེད་གཏིང་ཟབ་དང་དེ་བཞིན་དབྱི་ཝུའུ་ཡི“དབྱི་ཝུའུ་ནས་འགོ་ཚུགས་པ་དང་ཤིན་ཅང་ཨ་ལ་རི་བོ་འགག་སྒོ་ནས་ཐོན་པ་དང་མཐར་སི་ཕེན་དུ་འབྱོར་བའི”ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་དང་སྦྲགས། དབྱི་ཝུའུ་ཡི་ཁྲོམ་ར་གཉེར་སྐྱོང་ཚོང་པས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ཁྲོམ་ར་བརྒྱུད་དབྱི་ཝུའུ་ཡི་ཕྱི་ཕྱོགས་ཚོང་དོན་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཞིང་། 
           འདི་ནི་ཨུ་རུ་སུའི་སྐད་ཀྱི་རྒྱལ་ཁབ་ཀྱི་གསར་འགོད་པས་དབྱི་ཝུའུ་ཡི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཞིག་གི་ཐོན་སྐྱེད་འཁོར་ཁང་དུ་བཅར་འདྲི་བྱེད་པའི་གནས་ཚུལ་ཡིན་པ།