ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ཆེས་ནན་མོ་ལག་བསྟར་བྱེད་རྒྱུའི་འཇིགས་སྐུལ།

སྤེལ་དུས 2018-05-23 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། གལ་ཏེ་དབྱི་ལིང་གིས་མིག་སྔའི་ལམ་ཐིག་མ་བསྒྱུར་ན། ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ཆེས་ནན་མོ་ཐེབས་ངེས་ཡིན་ཟེར།
            ཕིན་ཕའེ་ཨོ་ཡིས་ཉིན་དེར་ཨ་མེ་རི་ཁི་རིག་མཛོད་སྲོལ་རྒྱུན་ཐེབས་རྩ་ཚོགས་པ་ནས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་རྗེས་ཀྱི་དབྱི་ལིང་ལ་སྤྱོད་སྲིད་པའི་སྲིད་ཇུས་རྒྱས་བཤད་རྱབ། ཁོས་བསྟན་དོན། དབྱི་ལིང་སྲིད་གཞུང་མིག་སྔར་བགྲོད་བཞིན་པའི་ལམ་ནི་དང་ལེན་བྱེད་ཐབས་མེད་པ་དང་ཕན་ཐོགས་མེད་པ་ཞིག་རེད། ཨ་མེ་རི་ཁས་དབྱི་ལིང་གིས་མིག་སྔའི་ལམ་ཐིག་བསྒྱུར་རག་བར་དུ་སྔ་ན་མེད་པའི་དངུལ་ལོར་གནོན་ཤུགས་སྟེར་རྒྱུ་ཡིན་ཟེར།
            ཕིན་ཕའེ་ཨོ་ཡིས་དབྱི་ལིང་ལ་རེ་བ་བཅུ་གཉིས་བཏོན་ཏེ་བཀག་སྡོམ་མཚམས་འཇོག་པའི་ཆ་རྐྱེན་དུ་བྱས་ཡོད། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་དབྱི་ལིང་གི་བཀག་སྡོམ་དེ་མགོ་བརྩམས་མ་ཐག་ཡིན། གལ་ཏེ་དབྱི་ལིང་གིས་མིག་སྔའི་ལམ་ཐིག་མ་བསྒྱུར་ན། ཨ་མེ་རི་ཁས་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་བསྟུན་མར་འདོན་རྒྱུ་ཡིན། བཀག་སྡོམ་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ན། དེ་ནི་ལོ་རྒྱུས་སྟེང་ཆེས་ནན་མོ་ཡིན་པའི་བཀག་སྡོམ་བྱེད་ཐབས་ཤིག་ཡིན་ཟེར།
            ཕིན་ཕའེ་ཨོ་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་སླར་གསོ་བྱས་ན་ཨ་མེ་རི་ཁའི་མནའ་མཐུན་གྲོགས་པོ་སྐོར་ཞིག་ལ་དངུལ་ལོར་དང་དཔལ་འབྱོར་གྱི་དཀའ་ཁག་བཟོ་སྲིད་པ་ཤེས་ཡོད་ཀྱང་། ཨ་མེ་རི་ཁས་ངེས་པར་དུ་སྒྲིག་ལམ་དང་འགལ་ནས་དབྱི་ལིང་བར་ཉོ་ཚོང་བྱེད་པའི་མི་སྒེར་དང་ཚོགས་པའི་འགན་འཁྲི་རྩད་གཅོད་བྱེད་ངེས་ཡིན་ཟེར།