ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་ཟླ་དཔྱད་གསར་གཏོད་རྒྱུན་ཆད་མེད་པར་བྱེད་པ།

སྤེལ་དུས 2018-05-23 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
—— ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་ཀྱི་རིགས་གཅིག་མཁས་ཅན་རེ་ལེ་ཚི་ཉི་ཡ་ཁོ་ཕུའུ་ལ་བཅར་འདྲི་ཞུས་པ།
               མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་21ཉིན་ཀྲུང་གོས་ཟླ་དཔྱད་འདུ་འགོད་ཟླ་བའི་ལྷ་མོ་ཨང་བཞི་པའི་ལས་འགན་གྱི་བར་སྦྲེལ་སྲུང་སྐར“སྐྱ་ཟམ”མཁའ་དབྱིངས་སུ་གྲུབ་འབྲས་ལྡན་པའི་སྒོ་ནས་འཕེན་གཏོང་བྱས་ཡོད། དེ་ནི་འཛམ་གླིང་ཐོག་གི་ས་གོ་ལ་དང་ཟླ་བའི་གོ་ལའི་ལཱ་ཀེ་ལང་རི་L2ས་ཚིགས་སུ་འཁོར་སྐྱོད་བྱེད་པའི་འཕྲིན་གཏོང་སྲུང་སྐར་ཐོག་མ་དེ་རེད། 2018ལོའི་ལོ་མཇུག་ཏུ་གོ་སྐབས་བདམས་ནས་ལག་བསྟར་བྱ་རྒྱུའི་ཟླ་བའི་ལྷ་མོ་ཨང་བཞི་པ་ཟླ་བ་གོ་ལའི་རྒྱབ་ངོས་ནས་ཟླ་བ་གོ་ལའི་ཐོག་ཏུ་འབབ་པའི་འཚོལ་ཞིབ་ལས་འགན་ལེགས་སྒྲུབ་བྱ་ཆེད་ས་གོ་ལ་དང་ཟླ་བའི་གོ་ལའི་དབར་གྱི་བར་སྦྲེལ་འཕྲིན་གཏོང་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། ཀྲུང་གོའི་ཟླ་དཔྱད་ལེགས་གྲུབ་བྱུང་བར་ཨུ་རུ་སུའི་རིགས་གཅིག་མཁས་ཅན་གྱིས། མ་གཞི་ཀྲུང་གོའི་མིག་སྔར་གནས་པའི་དུས་མཚམས་དེ་དུས་རབས་གོང་མའི་སྔོན་སྐྱོད་ཟླ་དཔྱད་ཀྱི་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་ཆེ་མོ་ལས་བརྒལ་མེད། ཡིན་ནའང་ཀྲུང་གོས་སྤྱད་པའི་ལག་རྩལ་གསར་པ་དང་ཇུས་གཞི་གསར་པས་ཟླ་དཔྱད་ལེགས་གྲུབ་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བཤད།
               “ཀྲུང་གོའི་ཟླ་དཔྱད་ཀྱི་གྲུབ་འབྲས་ལ་རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱིས་སྔ་ས་ནས་གདེང་འཇོག་ཡག་པོ་བྱེད་ཀྱི་ཡོད། ཀྲུང་གོས་ཟླ་དཔྱད་ཐད་ཀྱི་གསར་གཏོད་ཁག་རྒྱུན་ཆད་མེད་པར་བྱས་པ་དེའི་ནང་ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་འགའ་ཤས་ལ་གདོང་ལེན་གསར་གཏོད་ཀྱི་དོན་སྙིང་ལྡན་ཡོད”ཅེས་ཨུ་རུ་སུའི་ཅི་ཨོར་ཁོའོ་ཕུ་སི་ཅི་འཇིག་རྟེན་འཕུར་སྐྱོད་ཞིབ་འཇུག་གསར་སྤེལ་ཁང་གི་ཡོན་ཧྲི་རེ་ལེ་ཚི་ཉི་ཡ་ཁོ་ཕུའུ་ཡིས་ཉེ་ཆར་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་ལྟ་སྟངས་དེ་ལྟར་བཤད།
               རེ་ལེ་ཚི་ཉི་ཡ་ཁོ་ཕུའུ་ཡིས་ཟླ་བའི་གོ་ལའི་ཐུན་མིན་གྱི་རང་བྱུང་ཁོར་ཡུག་དེ་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་ཚད་ལེན་ཚོད་ལྟ་བྱ་རྒྱུར་ཧ་ཅང་འཚམ་པོ་ཡོད། བཟོ་རྩལ་ཚོད་ལྟ་བྱེད་པ་དང་སྐར་མའི་གོ་ལར་ལྟ་དཔྱད་ཡོ་བྱད་སྒྲིག་སྦྱོར་བྱས་ན། སའི་གོ་ལའི་ཐོག་སྤེལ་བའི་ལས་དོན་དེ་རིགས་ཀྱི་གྲུབ་འབྲས་དང་གཅིག་མཚུངས་མིན་པའི་འབྲས་བུ་ཐོབ་ཀྱི་ཡོད། གལ་སྲིད་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན་ཟླ་བའི་གོ་ལའི་གཏེར་རྫས་སྣ་ཚོགས་དང་ནུས་རྒྱུས་ད་དུང་སའི་གོ་ལའི་དགོས་མཁོ་སྐོང་ཐུབ་རེ་ཡོད་ཅེས་བཤད།
               ཁོང་གིས་ཀྲུང་གོས་ཟླ་བའི་ལྷ་མོ་ཨང་བཞི་པའི་འཚོལ་ཞིབ་ཡོ་བྱད་ཟླ་བའི་གོ་ལའི་རྒྱབ་ངོས་ནས་ཟླ་བའི་གོ་ལའི་ཐོག་ཏུ་འབབ་རྩིས་བྱེད་ཀྱི་ཡོད་པ་དེ་ནི“སྔར་བྱུང་མ་མྱོང་བའི”གསར་གཏོད་ཅིག་རེད། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་ལག་རྩལ་ཕྱོགས་མང་པོའི་ཐད་ནས་ཨ་རི་དང་ཨུ་རུ་སུ་དང་མཉམ་གཤིབ་མཉམ་སྐྱོད་ངང་འཕེལ་རྒྱས་ཕྱིན་ཡོད། དེར་བརྟེན་རྒྱལ་ཁབ་ཁག་གིས་ཟླ་བའི་གོ་ལར་མཉམ་འབྲེལ་ཐོག་རྟོག་ཞིབ་དང་གསར་སྤེལ་བྱ་རྒྱུར་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་ངེས་རེད་ཅེས་བཤད།
               “ཨུ་རུ་སུ་དང་ཀྲུང་གོས་ཟླ་དཔྱད་འདུ་འགོད་དང་འབྲེལ་བ་ཡོད་པའི་ཕྱོགས་ཚང་མའི་ཐད་མཉམ་ལས་བྱེད་ཆོག”རེ་ལེ་ཚི་ཉི་ཡ་ཁོ་ཕུའུ་ཡིས“དཔེར་ན། ཕྱོགས་གཉིས་པོས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གསར་པ་དང་། འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་ཀྱི་སྒུལ་བྱེད་འཕྲུལ་འཁོར་དང་དེ་བཞིན་དེར་བསྒར་བའི་ཞབས་ཞུའི་མ་ལག ཚན་ཞིབ་ཡོ་བྱད་སོགས་ཐུན་མོང་ཐོག་ཞིབ་འཇུག་གསར་བཟོ་བྱས་ཡོད། གཞན་ཡང་ཨུ་ཀྲུང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་པོས་ཕྱོགས་གཉིས་པོའི་འཇིག་རྟེན་འཕུར་སྐྱོད་ཀྱི་མཉམ་ལས་ཐད་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་རྒྱུར་ཕན་ཐོགས་ཡོད”ཅེས་བཤད།