ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་ཀྲུང་གོའི་ཕྱོགས་ནས་པོ་ཁི་ན་ཧྥ་སོ་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ནས་ཐེ་དབན་དང་ཕྱི་འབྲེལ་འབྲེལ་བ་གཅོད་རྒྱུའི་གཏན་འབེབས་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་བསྟན་པ།

སྤེལ་དུས 2018-05-25 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། སྐྱིད་པོ།
           ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་སྤྱི་ཚེས་༢༤ཉིན་པོ་ཁི་ན་ཧྥ་སོས་ཐེ་དབན་དང་ཕྱི་འབྲེལ་འབྲེལ་བ་གཅོད་རྒྱུའི་གཏན་འབེབས་བྱས་པའི་ཐད་གསར་འགོད་པའི་འདྲི་བར་ལན་བསྐྱོན་འདུག
           ལུའུ་ཁང་གིས། ང་ཚོས་པོ་ཁི་ན་ཧྥ་སོ་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ནས་ཐེ་དབན་དང་ཕྱི་འབྲེལ་འབྲེལ་བ་གཅོད་རྒྱུའི་གཏན་འབེབས་བྱས་པར་དོ་སྣང་བྱུང་པ་དང་ཀྲུང་གོའི་ཕྱོགས་ནས་དོན་དེར་བསྔགས་བརྗོད་ཞུ་གི་ཡོད་ཅེས་གསུངས་འདུག
           ཁོང་གིས། ཚང་མས་མཁྱེན་གསལ་ལྟར། སྤྱི་ལོ་༡༩༧༡ལོའི་ཟླ་༡༠པར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྐབས་༢༦པའི་གྲོས་ཚོགས་ཐོག་གྲོས་ཆོད་ཨང་༢༧༥༨ལ་གྲོས་འཆམ་བྱུང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་མཁན་ཁྲིམས་མཐུན་སྲིད་གཞུང་ཉག་གཅིག་དེ་ཡིན་པས་ཁ་གསལ་བཟོས་པ་དང་གྲོས་ཆོད་དེའི་ནང་ཁས་ལེན་བྱས་པའི་ཀྲུང་གོ་གཅིག་གི་རྩ་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ངོས་འཛིན་ལ་འགྱུར་ཡོད་ཅེས་གསུངས་འདུག
           ལུའུ་ཁང་གིས། མིག་སྔར། ཀྲུང་གོ་དང་ཨ་ཧྥི་རི་ཁའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་གོང་འཕེལ་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ད་ལོའི་སྤྱི་ཟླ་༩པར་ཀྲུང་གོས་ཀྲུང་གོ་དང་ཨ་ཧྥི་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་གཙོ་གཉེར་བྱ་རྒྱུ་ཡིན་པས་ཀྲུང་གོ་དང་ཨ་ཧྥི་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་མཐོ་རླབས་གསར་པ་ཞིག་འཕྱུར་ངེས་རེད།
           ཉེ་ལམ་ལོ་ཤས་རིང་ཀམ་པི་ཡ་དང་ཧྲེང་ཏོ་མེ། ཕུ་ལིན་ཞི་པི་བཅས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོ་དང་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བ་དང་ཀྲུང་གོ་དང་ཨ་ཧྥི་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་ཕྱིར་ལོག་བྱས་ཡོད་ཅིང་དེའི་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་ནི་མི་སེམས་ཕྱོགས་ས་དང་གནས་བབ་ཆེན་པོའི་འཕེལ་ཕྱོགས་སུ་འགྱུར་བ་དང་འགོག་ཐབས་མེད་པ་ཞིག་ཡིན་པ་གང་ལེགས་མཚོན་ཡོད། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་རྨང་གཞིའི་ཐོག་པོ་ཁི་ན་ཧྥ་སོ་སྔ་ཙམ་ནས་ཀྲུང་གོ་དང་ཨ་ཧྥི་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག