གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཞི་བདེ་བདེ་འཇགས་ཀྱི་རྨང་རྡོ། ཐུན་མོང་དར་རྒྱས་ཀྱི་སྦྲེལ་ཐག

སྤེལ་དུས 2018-06-13 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
—— རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བརྟན་ལྷིང་ལ་སྐུལ་འདེད་དང་འཕེལ་རྒྱས་དོན་གཉེར་བྱེད་པར་ཚད་མཐོའི་གདེང་འཇོག་བྱས་པ།
            མི་དམངས་དྲ་བའི་འཕྲིན། བདེ་འཇགས་མེད་ཚེ་འཕེལ་རྒྱས་ཀྱི་རྩ་བའི་འགན་ལེན་ཤོར་སྲིད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་17རིང་གི་འཕེལ་རྒྱས་བརྒྱུད་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ལྡན་པའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་གྲས་ཤིག་ཡིན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པའི་ངོས་འཛིན་བྱས་པ་རེད།
            ཞི་བདེའི་ཆེད“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས”སྐྱེས་སུ་ཕུལ་བ།
            “ངན་ཤུགས་གསུམ”ལ་རྡུང་རྡེག་གཏོང་བ་ནས་དུག་འགོག་བར་དང་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པ་ནས་རྒྱལ་སྒྲོལ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་བར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་བདེ་འཇགས་མཉམ་ལས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་རིམ་སྤོར་བྱས་པས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་གཞན་གྱིས་ཚབ་བྱེད་ཐབས་བྲལ་པའི་ནུས་པ་འདོན་སྤེལ་བྱས་པ་རེད།
            ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཤིང། ཀྲུང་གོས་སྔར་ནས་ད་བར་ས་ཁུལ་དེ་གའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་དང་བསྐྱར་སྐྲུན་ནང་ཞུགས་པར་སྙིང་དབུས་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
            རྒྱ་གར་གྱི་རྒྱ་རིག་པ་མཁས་ཅན་ཉི་ཧེ་ལུའུ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏི་པོ་ཅེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་ཡོད། རྩ་འཛུགས་དེས་དེ་བས་ལེགས་པ་དང་དེ་བས་མཐུན་སྦྱོར་གྱི་རྣམ་པའི་ཐོག་ནས་སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་ཉེན་ཁར་ཁ་གཏད་གཅོག་རྒྱུ་རེད་ཅེས་བརྗོད་པ་རེད།
            ཐ་ཇིག་སི་ཐན་གྱི་གཞུང་ཕྱོགས་འཕྲིན་སྤེལ་ཁང“ཧོ་ཝར”འཕྲིན་སྤེལ་ཁང་གི་རྩོམ་ཡིག་ནང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་སྲ་བརྟན་དུ་གཏོང་བ་དང་ཁོངས་མིའི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་མཉམ་ལས་དང་རིག་གནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་ལས་དོན་འབོར་ཆེན་སྤེལ་ཡོད་ཅེས་འཁོད་ཡོད་པ་རེད།
            ཨུ་རུ་སུའི་《རང་ཚུགས་ཚགས་པར་》ཐོག་རྩོམ་ཡིག་སྤེལ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྔོན་སྒྲུབ་ཁ་ཕྱོགས་གཙོ་བོ་ནི་ས་ཁུལ་གྱི་བརྟན་ལྷིང་དང་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་དེང་དུས་རྒྱལ་སྤྱིའི་སྒྲིག་ལམ་གྱི་གཙོ་འགན་འཁུར་མཁན་གྱི་གྲས་སུ་རྦད་དེ་བརྩི་ཆོག་ཅེས་འཁོད་ཡོད་པ་རེད།
            དར་རྒྱས་ཆེད“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གོ་སྐབས”སྐྱེས་སུ་ཕུལ་བ།
            ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་ས་ཁོངས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་པས་ཁོངས་མིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་ཕྱིན་པ་དང་ལྷག་པར་དུ་ཇི་ལྟར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་དེ་བཞིན་ཁོངས་མིའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པའི་ཐད་ཧྲང་ཧའེ་མཉམ་ལས་ལ་བྱེད་རིན་ཆེན་པོ་ལྡན་ཡོད།
            རང་ཚུགས་མཉམ་འབྲེལ་སྒྲིག་གཞིའི་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་ཞི་ལེ་པེ་ཅེ་ཕུའུ་ཡིས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རང་ཚུགས་མཉམ་འབྲེལ་སྒྲིག་གཞི་དང་ལྷག་པར་དུ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་པ་བསྣན་པ་དང་གྲོས་འགོ་དེས་འབྲེལ་ཡོད་ཕྱོགས་ཁག་གིས་གཉིས་ཕན་དངོས་སྒྲུབ་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བར་གོ་སྐབས་མཁོ་འདོན་བྱས་ཡོད། གྲོས་འགོ་དེ་ལག་བསྟར་བྱས་པ་དེས་རྒྱལ་ཁབ་ཁག་གི་རྒྱུན་མཐུད་འཕེལ་རྒྱས་དང་ཡར་ཐོན་དང་། མི་རིགས་ཁག་དབར་གྱི་རྒྱང་ཐག་ཐུང་དུ་གཏོང་བ། རྒྱལ་ཁབ་ཁག་གི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ། འབྲེལ་ཡོད་རྒྱལ་ཁབ་ཁག་གི་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
            ཁེར་གྷི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁོའོ་ཕུའུ་ཡིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱས་པ་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་གྱི་འཕེལ་རྒྱས་ལ་གོ་སྐབས་མང་པོ་བསྐྲུན་པ་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་རྒྱུ་དེ་དང་ཡོ་རོབ་དང་། འཛམ་གླིང་དབུས་ཤར། ཨ་ཧྥེ་རི་ཁ་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཕན་ཡོད་ཆ་རྐྱེན་བསྐྲུན་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་དམིགས་པའི“འབྲེལ་མཐུད་ལྔ”(སྲིད་ཇུས་འབྲེལ་མཐུད་དང་། སྒྲིག་བཀོད་འབྲེལ་མཐུད། ཚོང་དོན་འབྲེལ་མཐུད། མ་དངུལ་འབྲེལ་མཐུད། དམངས་སེམས་འབྲེལ་མཐུད)ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད་ལ་རྩ་འཛུགས་དེའི་མཉམ་ལས་ཁྱབ་ཁོངས་ཀྱང་རྒྱ་ཆེར་བཏང་ཡོད་ཅེས་བརྗོད་པ་རེད།
            “ཨུ་རུ་སུའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆ་འཕྲིན་དྲ་ཚིགས”ཐོག་རྩོམ་ཡིག་སྤེལ་ནས་དེང་སྐབས་ཀྱི་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འབུས་པའི་རྒྱབ་ལྗོངས་འོག་འཛམ་གླིང་གི་དཔལ་འབྱོར་གཏན་འཁེལ་མེད་པའི་གནས་སུ་གྱར་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཐུན་མོང་གི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱ་ཆེད་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་བཏང་བས་དེ་ནི་འཛམ་གླིང་གི་ངོས་ནས་བརྗོད་ན་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད་ཅེས་བསྟན་པ་རེད།