གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པའི་འཐུས་མི་ཚོགས་པས་དབྱི་ཐ་ལིར་འཚམས་འདྲི་བྱས་པ།

སྤེལ་དུས 2018-06-14 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            མི་དམངས་དྲ་བའི་འཕྲིན ཟླ་6ཚེས་8ནས་11ཉིན་བར། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བྱམས་པ་ཕུན་ཚོགས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པའི་སྣེ་ཁྲིད་དེ་དབྱི་ཐ་ལིར་འཚམས་འདྲི་བྱས་པ་དང་། དེའི་རིང་དབྱི་ཐ་ལིའི་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ཁང་གི་ཀྲུའུ་ཞི་ཧྥེ་ལོ་ཆི་དང་། རྒྱལ་ཁོངས་དབྱི་ཐ་ལི་ནས་ཡིན་པའི་ཕྱི་ཁོངས་ཀྲུང་གོ་བ་སྤྲུལ་སྐུ་གངས་རྒྱལ། དབྱི་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་མ་ལི་ཨའོ·པོ་སའེ་ལི་བཅས་དང་མཇལ་འཕྲད་གནང་བ་དང་འབྲེལ། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།
            འཐུས་མི་ཚོགས་པས་དབྱི་ཐ་ལི་ཕྱོགས་ལ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་སློབ་གསོ་གསོ་སྦྱོང་དང་། དེ་བཞིན་རྒྱལ་སྤྱིའི་མཉམ་ལས་སོགས་ཐད་སྤེལ་བའི་ལས་དོན་ངོ་སྤྲོད་བྱས་པ་དང་འབྲེལ། ཉེ་བའི་ལོ་ཤས་ནང་སྤེལ་བའི“པེ་ཅིང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས”དང་། “ལྷོ་ལྷོ་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས” གདན་ཞུས་ལྟར་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་དང་ཞོར་ཚོགས་འཚོགས་པའི་གནས་ཚུལ་བཅས་དམིགས་སུ་ངོ་སྤྲོད་བྱས་པ་རེད།
            འཐུས་མི་ཚོགས་པས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་ཡར་ཐོན་དེ་དུས་རབས་གསར་པར་སླེབས་ནས་ཀྲུང་གོའི་མི་དམངས་ཀྱིས་དངོས་པོ་དང་རིག་གནས་འཚོ་བར་རེ་བ་དེ་བས་མཐོ་བ་བཏོན་པ་མ་ཟད། དམངས་གཙོ་དང་། ཁྲིམས་སྐྱོང་། དྲང་སྙོམས། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་དགོས་མཁོ་ཡང་ཉིན་བཞིན་ཆེ་རུ་འགྲོ་གི་ཡོད། རྒྱལ་ཁབ་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི“སྟབས་བསྟུན་རླངས་འཁོར”ནང་སྡོད་པ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ཏེ་སྒོ་དབྱེ་མཉམ་ལས་བརྒྱུད་གཉིས་ཁེ་གཉིས་ཕན་ཡོང་བ་དང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་བརྒྱུད་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་སྤེལ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། དེ་བས་དངོས་ཡོད་ཀྱི་ཐོག་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་གྱི་གནས་ཚུལ་གཏོང་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། འཐུས་མི་ཚོགས་པས་ད་དུང་དབྱི་ཐ་ལི་ཕྱོགས་ཀྱིས་བཏོན་པའི་འབྲེལ་ཡོད་ཀྲུང་གོའི་དབུལ་པོ་ཉུང་དུ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་འདྲི་བར་ལན་བརྒྱབ་པ་རེད།
            དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཐོབ་པའི་གྲུབ་འབྲས་ཆེན་པོར་བསྔགས་བརྗོད་བྱས་པ་དང་འབྲེལ། ས་ཁམས་གནས་བབ་ལས་དབྱི་ཐ་ལི་ནི་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་གི་གལ་འགངས་ཤིན་ཏུ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་སྤྱིའི་ལས་དོན་དང་ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་མཉམ་ལས་བར་མཐོངས་ཆེ་བས་ཇུས་འདོན་ཚོགས་པ་དང་། སྨྱན་སྦྱོར། སློབ་ཆེན། ཚན་ཞིབ་སྒྲིག་གཞི་བཅས་ཀྱིས་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། སྤྲུལ་སྐུ་གངས་རྒྱལ་གྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་དགའ་ཚོར་དང་སྤོབས་སེམས་སྐྱེ་བ་མཚོན་པར་བྱས་པ་དང་འབྲེལ་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱེད་པའི་རང་ཉིད་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ནས་དབྱི་ཀྲུང་གི་མཛའ་གྲོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བཤད་པ་རེད།
            འཐུས་མི་ཚོགས་པ་ཚེས་11ཉིན་གྱི་མཚན་མོ་གནམ་གྲུར་བསྡད་དེ་ཝི་ཨེན་ནར་འབྱོར་ནས་ཨོ་སི་ཁྲུ་རི་ཡར་འཚམས་འདྲི་བྱེད་འགོ་ཚུགས་པ་རེད།