གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕུ་ཅིའི་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་ལོག་པའི་ལས་འཛོལ་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་45བར་འཕར་བས་ལས་འཛོལ་འགན་འཁྲི་བདའ་འདེད་སྤེལ་བཞིན་ཡོད་པ།

སྤེལ་དུས 2018-07-11 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། ཐེ་ལན་གྱི་ཕུ་ཅི་ཧྥུའུ་ཡི་ཡུལ་དཔོན་ནོར་ལ་ཕ་ཡིས་རོགས་སྐྱོབ་གནས་ཚུལ་གྱི་བརྡ་ཁྱབ་ཚོགས་འདུའི་ཐོག  ཐེ་ལན་གྱི་རོགས་སྐྱོབ་མི་སྣས་ཉ་པའི་རོགས་རམ་འོག་སྐུ་ཕུང་3རྙེད་པ་དང་། གཞི་རྩའི་ཐོག་གྲུ་གཟིངས་མགོ་རྟིང་ལོག་པའི་ལས་འཛོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་ཡིན་པ་གཏན་འཁེལ་བྱས་ཆོག  དེར་བརྟེན་མིག་སྔའི་བར་རྐྱེན་ལམ་དུ་ཤོར་བའི་མི་གྲངས་45བར་འཕར་བ་གཏན་འཁེལ་བྱེད་ཆོག་པ་དང་།  མི་2སྔར་བཞིན་ཤི་གསོན་ཤེས་རྟོགས་བྱུང་མེད།
            ནོར་ལ་ཕས། ཤེས་རྟོགས་བྱུང་སའི་ས་ཆ་དང་སྐུ་ཕུང་གི་ཁྱད་ཆོས་ལ་བལྟས་ཚེ། གསར་དུ་རྙེད་པའི་སྐུ་ཕུང་3པོ་དེ་སྤྱིར་བཏང་ནས“ཁྱུང་ཆེན”རྟགས་ཅན་གྱི་གྲུ་གཟིངས་མགོ་རྟིང་ལོག་པའི་ལས་འཛོལ་ནང་རྐྱེན་ལམ་དུ་ཤོར་བ་ཡིན་པ་གཏན་འཁེལ་བྱས་ཆོག  ཐོབ་ཐང་དངོས་ཁྱིམ་མིས་ངོས་འཛིན་བྱ་རྒྱུ་ཡིན་ཞེས་བརྗོད།