གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཨ་ཧྥེ་རི་ཁའི་དབུས་ནུབ་དང་སཱ་ཧི་ལེ་ས་ཁུལ་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

སྤེལ་དུས 2018-07-19 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེ་གནད་དོན་གྱི་དམིགས་བསལ་འཐུས་མི་ཆན་པཱ་སི་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་དབུས་ནུབ་དང་སཱ་ཧི་ལེ་ས་ཁུལ་གྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱི་འབྲེལ་དང་བདེ་འཇགས། མི་ཆོས་རིང་ལུགས་སོགས་ཐད་ནས་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
            ཆན་པཱ་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གནས་ཚུལ་སྙན་ཞུ་བྱེད་སྐབས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱིས་སྔར་བཞིན་ས་ཁུལ་དེར་གཏོར་བརླག་རང་བཞིན་གྱི་བྱ་འགུལ་སྤེལ་བཞིན་ཡོད། ཀྲ་ཏི་མཚོ་ཁོངས་ས་ཁལ་དུ་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་དུས་རྒྱུན་འགུལ་སྐྱོད་བྱེད་བཞིན་ཡོད་པར་མ་ཟད། མུ་མཐུད་དུ་བུད་མེད་དང་བྱིས་པ་བེད་སྤྱད་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད་ཟེར།
            ཁོས་བཤད་རྒྱུར། ཀྲ་ཏི་མཚོ་ཁོངས་ཀྱི་མཚོ་ཆུ་ཉིན་རེ་བཞིན་སྐམ་བཞིན་ཡོད་པ་དང་། ཁོར་ཡུག་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། མི་ས་ཡ་གཉིས་དང་འབུམ་གསུམ་ཙམ་རང་ཁྱིམ་དང་བྲལ་ནས་གང་སར་འཁྱམ་བཞིན་ཡོད་པ་དང་། མི་ཆོས་རིང་ལུགས་ཀྱི་བྱ་བར་མ་དངུལ་ཧ་ཅང་དཀོན་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་རམ་བྱས་ཏེ་ས་ཁུལ་དེའི་ཁོར་ཡུག་དང་དཔལ་འབྱོར་སླར་གསོ་འབྱུང་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
            ཆན་པཱ་སི་ཡིས་ད་རུང་བསྟན་དོན། མཱ་ལིའི་བདེ་འཇགས་ཉམས་ཉེན་དེས་རིམ་བཞིན་པུ་ཁི་ནཱ་ཧྥ་སོ་དང་ནེ་ཀྲིར་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ཀུའེ་ནེ་ཡཱ་མཚོ་ཁུགས་ཀྱི་མཚོ་ཇག་བྱ་འགུལ་ཉིན་རེ་བཞིན་ཁ་དར་བཞིན་ཡོད་པ་དང་། དུག་རྫས་ལྐོག་འཚོང་དང་མཚོན་ཆའི་ལྐོག་འཚོང་སོགས་གནད་དོན་སོགས་ལས་ཀྱང་བདེ་འཇགས་འཇིགས་ཉེན་འབྱུང་བཞིན་ཡོད་ཟེར།