གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་ཨུ་རུ་སུ་དང་ཨ་རིའི་གཙོ་བདག་ཧེར་སིན་ཁིར་ཐུག་འཕྲད་བྱས་རྗེས་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་ལེགས་སུ་ཕྱིན་པ་མཐོང་འདོད་ཡོད་ཅེས་བརྗོད་པ།

སྤེལ་དུས 2018-07-19 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཨ་རིའི་གཙོ་བདག་ཧེར་སིན་ཁིར་ཐུག་འཕྲད་བྱས་པར་དགའ་བསུ་ཞུ་རྒྱུ་ཡིན། ཐུག་འཕྲད་བྱས་རྗེས་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་ལེགས་སུ་ཕྱིན་པ་མཐོང་འདོད་ཡོད་ལ། ཕྱོགས་གཉིས་པོས་སྤེལ་རེས་དང་གླེང་མོལ་ཟབ་ཏུ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
          དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཧྭ་ཁྲུན་ཡིང་གིས་ཨུ་རུ་སུ་དང་ཨ་རི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་དང་རྒྱལ་སྤྱིར་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འགན་འཁྲི་གལ་ཆེན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་ལེགས་སུ་ཕྱིན་པ་མཐོང་འདོད་ཡོད། ཕྱོགས་གཉིས་ཀྱིས་སྤེལ་རེས་དང་གླེང་མོལ་ཟབ་ཏུ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། དེས་འཛམ་གླིང་གི་ཞི་བདེ་དང་བྱ་གཞག་འཕེལ་རྒྱས་ལ་ཕན་པ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་བར་ཡང་ཕན་པ་ཡོད་ཅེས་བཤད།
          “ང་ཚོས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཡིད་ཆེས་ཆེན་པོ་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཕྱི་ཕྱོགས་ཀྱི་རྒྱུ་རྐྱེན་གང་རུང་ཞིག་གིས་ཤུགས་རྐྱེན་ཐེབས་མི་སྲིད། ང་ཚོས་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལངས་ཕྱོགས་ཐད་ལྟ་སྟངས་དེ་ལྟར་འཛིན་གྱི་ཡོད”ཅེས་ཧྭ་ཁྲུན་ཡིང་གིས་བཤད།
          ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་16ཉིན་གྱི་ཕྱི་དྲོར། ཧྥིན་ལན་གྱི་རྒྱལ་ས་ཧེར་སིན་ཁིར་ཐུག་འཕྲད་བྱས་ཤིང་། དེ་ནི་ཐེ་རོན་ཕུས་ཨ་རིའི་ཙུང་ཐུང་གི་འགན་འཁུར་ཚུན་ཨ་རི་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གི་དངོས་གཞིའི་ཐུག་འཕྲད་ཐེངས་དང་པོ་རེད།