གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་ཨ་རིས་ཚོང་དོན་འཁྲུག་རྩོད་བསླངས་ནས་འཛམ་གླིང་ཡོངས་ཀྱི་ཁ་གཏད་དུ་ལངས་ཡོད་ཅེས་བསྟན་པ།

སྤེལ་དུས 2018-07-20 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རིས་ཚོང་དོན་འཁྲུག་རྩོད་བསླངས་པ་དེ་ནི་ཀྲུང་གོར་དམིགས་པ་ཙམ་མ་ཟད། འཛམ་གླིང་ཡོངས་ཀྱི་ཁ་གཏད་དུ་ལངས་ནས་འཛམ་གླིང་གི་དཔལ་འབྱོར་ཉེན་ཁའི་གནས་སུ་གྱར་དུ་འཇུག་རྩིས་བྱེད་པ་དེ་རེད་ཅེས་བརྗོད།
          ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཨ་རིས་ཚོང་དོན་འཁྲུག་རྩོད་བསླངས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་སེམས་ཁྲལ་བྱེད་པ་དང་། འབྲེལ་ཡོད་དཔལ་འབྱོར་དངོས་ཚན་གཙོ་བོ་དང་། རྒྱལ་སྤྱིའི་དབང་གྲགས་ལྡན་པའི་སྒྲིག་གཞི། རྒྱལ་སྒྲོལ་ཀུང་སི་མང་པོ་ཞིག་བཅས་ཚང་མས་གནད་དོན་དེར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཚོང་དོན་འཁྲུག་རྩོད་ལས་བྱུང་བའི་འཛམ་གླིང་དཔལ་འབྱོར་གྱི་ཤུགས་རྐྱེན་ལ་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དམ་ཞེས་དྲིས།
          ཧྭ་ཁྲུན་ཡིང་གིས། ཀྲུང་གོའི་ཚོང་དོན་པུས་གཟའ་འཁོར་གོང་མར་འབྲེལ་ཡོད་གསལ་བསྒྲགས་སྤེལ་ནས་ཨ་རིས་ཚོང་དོན་འཁྲུག་རྩོད་བསླངས་པ་ནི་ཀྲུང་གོར་དམིགས་པ་ཙམ་མ་ཟད། འཛམ་གླིང་ཡོངས་ཀྱི་ཁ་གཏད་དུ་ལངས་ནས་དཔལ་འབྱོར་ཉེན་ཁའི་གནས་སུ་གྱར་དུ་འཇུག་རྩིས་བྱེད་པ་དེ་རེད་ཅེས་བརྗོད།
          དང་པོ། ཚོང་དོན་འཁྲུག་རྩོད་ཀྱིས་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་རྒྱུར་ཕོག་ཐུག་ཐེབས་རྒྱུ་ཡིན་ཞིང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཞིབ་འཇུག་བྱས་ནས་བཏོན་དོན། འབྲེལ་ཡོད་སྒོ་ཁྲལ་གྱི་འཇིགས་སྐུལ་དང་མཁར་རྫོང་གཞན་གྱིས་རྒྱལ་ཁབ་ཚང་མའི་ནང་འདྲེན་དངོས་ཟོག་གི་རིན་གོང་10%འཕར་རྒྱུ་དང་། ལོ་5སོང་རྗེས་གོ་ལ་ཧྲིལ་པོའི་ཚོང་དོན་15%ཉམས་རྒྱུ་རེད། འཛམ་གླིང་དངུལ་ཁང་གིས་ཨ་རི་དང་ཚོང་དོན་རོགས་ཟླ་གཙོ་བོའི་དབར་སྒོ་ཁྲལ་སྤར་བ་ལས་བྱུང་བའི་ཤུགས་རྐྱེན་དེ་2008ལོ་ནས་2009ལོ་བར་གྱི་དངུལ་རྩའི་ཉམས་ཉེན་རིང་ཆག་པའི་ཚོང་དོན་གྲངས་འབོར་དང་ཧ་ལམ་མཚུངས་ཀྱི་ཡོད་ཅེས་བསྟན་ཡོད།
          གཉིས་པ། ཚོང་དོན་འཁྲུག་རྩོད་བསླངས་པ་དེས་ཕྱོགས་ཁག་གི་འཛམ་གླིང་དཔལ་འབྱོར་གྱི་ཡིད་ཆེས་ལ་རྡབ་རྡེག་ཕོག་རྒྱུ་ཡིན་ཞིང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལཱ་ཅ་ཏེས་ཉིན་ཤས་གོང“འཛམ་གླིང་དཔལ་འབྱོར་ལ་འཁྲིགས་པའི་སྤྲིན་ནག་དེ་ཇེ་མཐུག་ནས་ཇེ་མཐུག་ཏུ་འགྲོ་བཞིན་ཡོད་པ་དང་། སྤྲིན་ནག་ཆེ་ཤོས་དང་མཐུག་ཤོས་ནི་ཡིད་ཆེས་ཇེ་སྡུག་ཏུ་ཕྱིན་པ་དེ་རེད”ཅེས་ཐ་ཚིག་བསྒྲགས་པ་རེད། ཉིན་བཞིན་རིམ་པས་འཕར་བའི་ཚོང་དོན་འཁྲུག་རྩོད་དེ་ནི་འཛམ་གླིང་དཔལ་འབྱོར་གྱི“ཡིད་ཆེས་མེད་པར་བཟོ་མཁན”ཆེ་ཤོས་ཤིག་ལ་གྱུར་ནས་ཐོབ་པར་དཀའ་བའི་སླར་གསོའི་རྣམ་པར་གཏོར་བཤིག་གཏོང་རྒྱུ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་གཞི་རྩ་དེར་གཡོ་འགུལ་གཏོང་རྒྱུ་རེད། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། འབྲེལ་ཡོད་རྒྱལ་ཁབ་ཀྱི་སྒོ་ཁྲལ་འཕར་བ་དང་བསྟུན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་དེ་རྒྱ་ཆའི་གྲངས་1.4ཆག་རྒྱུ་རེད།
          གསུམ་པ། ཚོང་དོན་འཁྲུག་རྩོད་བསླངས་པ་དེས་གོ་ལ་ཧྲིལ་པོའི་མང་ཚོགས་ཀྱི་བདེ་རྩར་ཉེན་ཁ་ཚབས་ཆེན་བཟོ་རྒྱུ་ཡིན་ཞིང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ཙེ་ཝུའེ་ཏུའོ་ཡིས་ཚོང་དོན་འཁྲུག་རྩོད་བསླངས་པ་དེས་མི་ཚང་མར་གནོད་འཚེ་ཕོག་ནས་ལས་ཞུགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་དང་དབུལ་པོ་ཚོའི་ཉོ་ཤུགས་63%ཆུང་དུ་འགྲོ་རྒྱུ་རེད་ཅེས་བརྗོད། ཨ་རིའི་དཔལ་འབྱོར་སྒྲིག་གཞིས་སྔོན་དཔག་བྱས་པ་ལྟར་ན། ཚོང་དོན་འཁྲུག་རྩོད་བསླངས་པ་དེས་ཨ་རི་བ་ཁྲི་60ལས་ཀ་ཤོར་ནས་ཨ་རིའི་བཟོ་པ་དང་། ཞིང་པ། འཛད་སྤྱོད་པ་བཅས་ཚང་མར་གཅིག་ལ་གཅིག་འབྲེལ་གྱི་གནོད་འཚེ་ཕོག་རྒྱུ་རེད།
          བཞི་པ། དེ་བས་གལ་འགངས་ཆེ་བ་ཞིག་ནི་རྒྱལ་ནང་གི་ཆབ་སྲིད་ལ་བསམ་གཞིག་བྱས་ཏེ་རང་ཤེད་ཀྱི་བསམ་བློའི་ཐོག་ནས་ཚོང་དོན་འཁྲུག་རྩོད་སློང་བ་ནི་དཔེ་མཚོན་གྱི་ཕྱོགས་རྐྱང་རིང་ལུགས་དང་རྒྱལ་ཕམ་གྱི་བསམ་གཞིག་ཞིག་རེད། དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ཚུན་རྒྱལ་སྤྱིའི་སྒྲིག་སྲོལ་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ཕྱོགས་ཡོངས་ཀྱི་ཕྱིར་བཤོལ་ཞིག་རེད། གལ་སྲིད་དེ་ཚབས་ཆེ་རུ་ཕྱིན་ན་འཛམ་གླིང་གི་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་བཟོ་སྲིད་པས་དེར་མི་རྣམས་དངོས་འབྲེལ་སེམས་ཁྲལ་ཆེན་པོ་བྱེད་དགོས་པ་ཞིག་ཡོད།