གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཝུན་ཙའེ་དབྱིན་གྱིས་ཅིན་ཀྲེང་ཨེན་དང་ཕོང་དབྱང་དུ་གྲོས་མོལ་བྱས་པ།

སྤེལ་དུས 2018-09-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་ཟླ་9ཚེས་18ཉིན་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན(གཡས)གྱིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཕོང་དབྱང་དུ་མཇལ་འཛོམས་གནང་བ།
         ཚེས་18ཉིན་གྱི་ཕྱི་དྲོར། ཁྲའོ་ཞན་གྱི་རྒྱལ་ས་ཕོང་དབྱང་དུ་འཚམས་འདྲི་བྱེད་བཞིན་པའི་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཁྲའོ་ཞན་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་བྱས་པ་རེད།
         ཧན་གོའི་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། དེ་ཉིན་ཕྱི་དྲོར་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྤྱི་ཁྱབ་པུའི་ཐོག་ཁང་ཆེ་མོར་ཆུ་ཚོད་2ཙམ་གྱི་གྲོས་མོལ་བྱས་པ་རེད། ཅིན་ཀྲེང་ཨེན་གྱིས་འགོ་ཚུགས་གཏམ་བཤད་སྤེལ་སྐབས་ཝུན་ཙའེ་དབྱིན་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་མིག་སྔར་ལྷོ་ནུབ་དབར་གྱི་འབྲེལ་བ་དང་། ཁྲའོ་ཞན་དང་ཨ་རིའི་དབར་གྱི་འབྲེལ་བ་ཚང་མ་ལེགས་སུ་ཕྱིན་ཡོད་པས། ཉེ་འཁོར་ས་ཁུལ་གྱི་དུས་བབ་དེ་བས་བརྟན་ལྷིང་དང་འབྲེལ་འཕེལ་རྒྱས་གསར་པ་ཡོང་བ་སྔོན་ནས་མཐོང་ཐུབ་ཅེས་བརྗོད།
         ཝུན་ཙའེ་དབྱིན་གྱིས“ང་ཚོས་ཕྲག་ཏུ་འཁུར་བའི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད་པ་མྱོང་ཚོར་ཐུབ་བྱུང་། འཛམ་གླིང་ཡོངས་ཀྱིས་ད་ཐེངས་ཀྱི་ཐུག་འཕྲད་ལ་དོ་ཁུར་བྱེད་ཀྱི་ཡོད་པས་འཛམ་གླིང་མི་དམངས་ཡོངས་ཀྱིས་ཞི་བདེ་དར་རྒྱས་ཀྱི་གྲུབ་འབྲས་མཐོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།
         ཚེས་18ཉིན་གྱི་སྔ་དྲོར་ཝུན་ཙའེ་དབྱིན་ཆེད་གཏོང་གནམ་གྲུར་བསྡད་ནས་ཁྲའོ་ཞན་གྱི་རྒྱལ་ས་ཕོང་དབྱང་དུ་འབྱོར་བ་དང་། ཅིན་ཀྲེང་ཨེན་གྱིས་གནམ་ཐང་དུ་བསུ་བར་བཅར་ཡོད་པ་རེད། འདི་ནི་འགོ་ཁྲིད་པ་གཉིས་ཀྱིས་འདི་ལོ་ཚུན་དུ་ཐུག་འཕྲད་བྱེད་ཐེངས་གསུམ་པ་ཡིན་པ་དང་། ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དང་། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། བྱེད་མཚམས་ཆད་པའི་ཁྲའོ་ཞན་དང་ཨ་རིའི་དབར་གྱི་གླེང་མོལ་སླར་གསོ་བྱེད་པ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་གཙོ་གནད་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད། ཚེས་19ཉིན། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་མུ་མཐུད་གྲོས་མོལ་བྱ་རྒྱུ་ཡིན་པ་རེད།