གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རླུང་ནུས་དང་ཉི་ནུས་ཀྱི་གློག་གཏོང་སྒྲིག་ཆས་ཆེ་གྲས་ལ་བརྟེན་ནས་ས་ཧ་ལ་བྱེ་ཐང་གི་སྣོད་བཅུད་ལེགས་སུ་གཏོང་རྒྱུ་ཡིན་པ།

སྤེལ་དུས 2018-10-08 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཨ་རི་དང་། ཀྲུང་གོ དབྱི་ཐ་ལི་བཅས་ཀྱི་ཞིབ་འཇུག་མི་སྣ་ལས་གྲུབ་པའི་རྒྱལ་སྤྱིའི་ཚོགས་པའི་སྔོན་དཔག་གསར་ཤོས་ནང་། གལ་ཏེ་ཨ་ཧྥེ་རི་ཁའི་ས་ཧ་ལ་བྱེ་ཐང་དུ་གཞི་ཁྱོན་ཆེ་བའི་རླུང་ནུས་དང་ཉི་ནུས་གློག་གཏོང་སྒྲིག་ཆས་གསར་སྐྲུན་བྱས་ཚེ་ས་ཁོངས་ཀྱི་ཆར་ཆུ་འབབ་ཚད་དང་སྔོ་ཁེབས་མང་དུ་ཕྱིན་ནས་ས་ཁོངས་དེའི་གནམ་གཤིས་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་རེད།
          དུས་ཐེངས་དང་པོའི་ཨ་རིའི《ཚན་རིག》དུས་དེབ་ཐོག་གི་དཔྱད་རྩོམ་ནང་། རླུང་ནུས་དང་ཉི་ནུས་གློག་གཏོང་སྒྲིག་ཆས་ཆེ་གྲས་ཀྱིས་ས་ངོས་ཀྱི་ཁྱད་ཆོས་ལ་འགྱུར་ལྡོག་ཡོང་སྲིད་པ་དང་། གལ་ཏེ་སྤྱི་ལེ་ངོས་གྲུ་ཁྲི་900ཙམ་གྱི་ས་ཧ་ལའི་བྱེ་ཐང་ཐོག་ཁྱབ་ཚེ་ས་ཁོངས་དེའི་ཆར་ཆུ་འབབ་ཚད་དེ་ཉིན་རེར་ཆ་སྙོམས་ཧའོ་སྨི་0.24ནས་ཧའོ་སྨི་0.59བར་མང་དུ་འགྲོ་རྒྱུ་དང་། ས་ཧ་ལའི་བྱེ་ཐང་ལྷོ་རྒྱུད་ཀྱི་ཐན་ཁུལ——ས་ཧོ་ལེ་ས་ཁུལ་གྱི་ཆར་ཆུ་འབབ་ཚད་ཀྱང་མངོན་གསལ་དོད་པོས་མང་དུ་འགྲོ་རྒྱུ་རེད་ཅེས་འཁོད་ཡོད།
          ཨ་རིའི་མཱ་ལི་ལན་སློབ་ཆེན་དང་། དབྱི་ལི་ནུའོ་དབྱི་སློབ་ཆེན། ཀྲུང་གོ་པེ་ཅིང་དགེ་འོས་སློབ་ཆེན། སྤྱི་ཁྱབ་པུའུ་དབྱི་ཐ་ལིར་བཙུགས་པའི་རྒྱལ་སྤྱིའི་རིགས་པའི་གཞུང་ལུགས་དངོས་ཁམས་ལྟེ་གནས་དང་ཀྲུང་གོ་ཚན་རིག་ཁང་གི་རླུང་ཁམས་ཆེ་མོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་མི་སྣས་གནམ་གཤིས་དང་འགུལ་རྣམ་སྔོ་ཁེབས་འདྲ་བཟོའི་ཚོད་ལྟ་བྱས་པར་གོང་གི་བསྡོམས་ཚིག་དེ་བྱུང་བ་རེད། རིམ་འདས་རྩིས་རྒྱག་འཕྲུལ་འཁོར་གྱི་འདྲ་བཟོ་ལས་མངོན་པར། ཆར་ཆུ་འབབ་ཚད་མང་དུ་འགྲོ་བ་དེས་ས་ཁོངས་དེ་དག་གི་སྔོ་ཁེབས་ཁྱབ་ཚད་20%ཙམ་མང་དུ་འགྲོ་རྒྱུ་རེད།
          ས་ཧ་ལ་བྱེ་ཐང་དང་ས་ཧོ་ལེ་ས་ཁུལ་ནི་མིག་སྔར་འཛམ་གླིང་ཐོག་སྐམ་ཤས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། དཔྱད་རྩོམ་གྱི་རྩོམ་པ་པོ་དང་པོ་དང་དབྱི་ལི་ནུའོ་དབྱི་སློབ་ཆེན་གྱི་མཆོག་རམས་པ་ལི་ཡན་གྱིས། “ང་ཚོས་ས་ཧ་ལ་བྱེ་ཐང་གདམ་ག་བྱེད་དོན་ནི་དེ་ནི་འཛམ་གླིང་ཐོག་བྱེ་ཐང་ཆེ་ཤོས་ཡིན་པ་དང་ཡུལ་མི་ཉུང་བས་ས་ཆའི་འགྱུར་ལྡོག་འགྲོ་ཚུལ་ཐད་ཚོར་སྣང་སྐྱེན་པོ་ཡོད་པས་རེད”ཅེས་བཤད།
          འདྲ་བཟོའི་ཚོད་ལྟ་ལས་ད་དུང་རླུང་ནུས་དང་ཉི་ནུས་གློག་གཏོང་སྒྲིག་ཆས་ཆེ་གྲས་ཀྱིས་ས་ཁོངས་ཀྱི་གནམ་གཤིས་ལ་མངོན་གསལ་དོད་པའི་ལྡོག་ཕྱོགས་ཀྱི་ནུས་པ་མེད་པར་ས་གནས་དེ་གའི་ནུས་རྒྱུ་དང་། ཆུ། བཟའ་བཅའ་བཅས་ལ་དེ་བས་རྒྱུན་མཐུད་རང་བཞིན་གྱི་མཁོ་འདོན་བྱ་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད།