ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

སི་རི་ཡའི་སྲིད་གཞུང་དམག་གིས་དབྱི་སི་ལམ་རྒྱལ་ཁབ་ཟེར་བས་བཙན་ཁྲིད་བྱས་པའི་མི་གཏའ་༡༩བསྐྱབས་པ།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
           སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་སྤྱི་ཚེས་༨ཉིན་གྱི་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་སི་རི་ཡའི་སྲིད་གཞུང་དམག་གིས་ད་ལོའི་སྤྱི་ཟླ་༧པར་སི་རི་ཡའི་ལྷོ་རྒྱུད་སོའུ་ཝེ་ཏ་མངའ་སྡེ་ནས་ཐལ་སྐྱོད་རྩ་འཛུགས་དབྱི་སི་ལམ་རྒྱལ་ཁབ་ཟེར་བས་བཙན་ཁྲིད་བྱས་པའི་མི་གཏའ་ ༡༩སྐྱོབ་ཐུབ་ཡོད།
           གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་སི་རི་ཡ་སྲིད་གཞུང་དམག་དཔུང་གིས་སི་རི་ཡའི་དབུས་རྒྱུད་ཧོ་མོ་སི་མངའ་སྡེ་པར་མིས་ལ་གྲོང་ཁྱེར་གྱི་ཤར་བྱང་རྒྱུད་ཀྱི་ཧུ་མེའེ་མེའེ་ས་ཁུལ་ནས་དབྱི་སི་ལམ་རྒྱལ་ཁབ་ཟེར་བས་དྲག་ཆས་པ་དང་དམག་འཐབ་དྲག་པོ་བྱས་ནས། དྲག་ཆས་པ་ཁག་གཅིག་བསད་རྨས་བཏང་ནས་བཙན་ཁྲིད་མི་གཏའ་༡༩ སྐྱོབ་ཡོད་ཅེས་བསྟན་ཡོད་།
           ད་ལོའི་སྤྱི་ཟླ་བདུན་པའི་ཚེས་༢༥ཉིན། དབྱི་སི་ལམ་རྒྱལ་ཁབ་ཟེར་བས་དྲག་ཆས་པས་སི་རི་ཡའི་ལྷོ་རྒྱུད་སོའུ་ཝེ་ཏ་མངའ་སྡེའི་ས་ཆ་མང་པོར་འཇིགས་སྐུལ་འཇབ་རྒོལ་ བྱས་ནས། ཉུང་མཐར་ཡང་མི་༢༡༥རྐྱེན་ལམ་དུ་བཏང་བ་དང་། མི་མང་པོ་བཙན་ཁྲིད་བྱས་པ་དང་། མི་གཏའ་མང་ཆེ་བ་བུད་མེད་དང་བྱིས་པ་རེད། ད་བར་མི་གཏའ་མང་པོ་བསད་ཡོད་པ་རེད།