ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཁ་ལེ་ཧྥུ་ནེ་ཡ་མངའ་སྡེ་ཡི་ཨར་ཁང་ཞིག་ཏུ་མེ་མདའ་རྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་༡༣འདས་གྲོངས་བྱུང་བ།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             ཨ་རིའི་ཁ་ལེ་ཧྥུ་ནེ་ཡ་མངའ་སྡེ་ཡི་ནུབ་རྒྱུད་ཝུན་ཐུ་ལ་རྫོང་གི་ཉེན་རྟོག་གིས་སྤྱི་ཚེས་༨ཉིན་གྱི་ཐོ་རེངས་ལ། སྤྱི་ཚེས་༧ཉིན་གྱི་དགོང་མོར་རྫོང་དེར་བྱུང་བའི་མེ་མདའ་རྒྱབ་པའི་དོན་རྐྱེན་གྱིས་མེ་མདའ་རྒྱག་མཁན་དང་ཉེན་རྟོག་པ་གཅིག་ཚུད་པའི་ཉུང་མཐར་ཡང་མི་༡༣འདས་གྲོངས་བྱུང་བ་དང་། གཞན་ད་དུང་ཉུང་མཐར་ཡང་མི་༡༠ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་ཡོད་པ་རེད།
             ཝུན་ཐུ་ལ་རྫོང་གི་ཉེན་རྟོག་ཕྱོགས་ཀྱི་དཔོན་པོ་ཡིས། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༧ཉིན་གྱི་དགོང་མོའི་ཆུ་ཚོད་༡༡དང་སྐར་མ་༢༠ཡི་ཡས་མས་སུ། མེ་མདའ་རྒྱག་མཁན་ཞིག་རྫོང་དེའི་ཧྲོ་སིན་ཨོ་ཁུ་སི་གྲོང་ཁྱེར་གྱི་ཨར་ཁང་ཞིག་ཏུ་འཛུལ་བ་དང་། དུད་མདེལ་འཕངས་པ་མ་ཟད་མི་ཚོགས་སུ་མེ་མདའ་རྒྱབ་པ་རེད། ཉེན་རྟོག་པ་འབོར་ཆེན་མགྱོགས་མྱུར་ངང་ཡུལ་དངོས་སུ་ཡོང་སྟེ་ཉེས་གསོག་དོགས་ཅན་མི་སྣ་དང་མེ་མདའ་རྒྱག་རེས་བྱས་པས། ཉེན་རྟོག་པ་བྱས་ནས་ལོ་༢༩སོང་བའི་ཉེན་རྟོག་པ་ལོ་ཨུན་ཧེ་ལུའུ་སི་ལ་མེ་མདའ་ཁ་ཤས་ཕོག་སྟེ་སྐྱོབ་མ་ཐུབ་པར་ཚེ་ལས་འདས་པ་རེད་ཅེས་བཤད་ཡོད།
             དེའི་རྗེས་སུ་མེ་མདའ་རྒྱག་མཁན་དེ་ཉེན་རྟོག་ཕྱོགས་དང་མེ་མདའ་རྒྱག་རེས་བྱེད་པའི་ཁྲོད་ནས་ཚེ་ལས་འདས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ད་དུང་མེ་མདའ་རྒྱག་མཁན་དེའི་ཐོབ་ཐང་དང་སྐུལ་སློང་སོགས་ཆ་འཕྲིན་སྤྱི་བསྒྲགས་བྱས་མེད།