ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། བྱང་ཁོ་རེ་ཡས་ཉིན་རེའི་ལས་རིམ་མང་དྲགས་པས་བྱང་ཁོ་རེ་ཡ་དང་ཨ་རིའི་མཐོ་རིམ་ཐུག་འཕྲད་ཀྱི་དུས་ཚོད་ཕྱིར་འགྱངས་བྱས་པ་རེད།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             སྤྱི་ཚེས་༨ཉིན། ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨ་རིའི་ཕྱོགས་ཀྱིས་ལྷོ་ཁོ་རེ་ཡའི་ཕྱོགས་ལ། བྱང་ཁོ་རེ་ཡའི་ཕྱོགས་ནས་ཉིན་རེའི་ལས་རིམ་མང་དྲགས་པས་གཟའ་འཁོར་འདིར་འཚོགས་རྒྱུར་གཏན་འཁེལ་བྱས་ཟིན་པའི་ཨ་རི་དང་བྱང་ཁོ་རེ་ཡའི་མཐོ་རིམ་ཐུག་འཕྲད་ཀྱི་དུས་ཚོད་ཕྱིར་འགྱངས་བྱས་པ་རེད་ཅེས་བསྟན་པ་རེད།
             ཉིན་དེར་འཚོགས་པའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་གཞོན་པ་ཅིན་ཏེ་ཧོན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ལྷོ་ཁོ་རེ་ཡའི་ཕྱོགས་ལ་ཨ་རིའི་ཕྱོགས་ནས་ཐེངས་འདིའི་བྱང་ཁོ་རེ་ཡ་དང་ཨ་རིའི་མཐོ་རིམ་ཐུག་འཕྲད་ཕྱིར་འགྱངས་བྱས་པའི་སྐོར་གྱི་གསལ་བཤད་གནང་བ་འབྱོར་བྱུང་། ཨ་རིའི་ཕྱོགས་ཀྱིས་གསལ་བཤད་བྱས་པ་ལྟར་ན། བྱང་ཁོ་རེ་ཡས་ཉིན་རེའི་ལས་རིམ་མང་དྲགས་པས་ཐུག་འཕྲད་ཀྱི་དུས་ཚོད་ཕྱིར་འགྱངས་བྱས་པ་རེད་ཅེས་གསུངས་པ་རེད།
             སྤྱི་ཚེས་༧ཉིན། ཨ་རིའི་རྒྱལ་དོན་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། རྒྱལ་དོན་བློན་ཆེན་ཕེང་ཕེའོ་ཡིས་གཟའ་འཁོར་འདིའི་ནང་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅིན་ཡིང་ཀྲེ་དང་ཐུག་འཕྲད་བྱེད་རྒྱུ་གཏན་འཁེལ་བྱས་ཟིན་པ་དེ་ཕྱིར་འགྱངས་བྱས་པ་རེད། གསལ་བསྒྲགས་ནང་ཕྱིར་འགྱངས་བྱེད་དགོས་པའི་རྒྱུ་རྐྱེན་ཞིབ་ཕྲ་གསལ་བཤད་བྱས་མེད་པར། ཨ་རི་དང་བྱང་ཁོ་རེ་ཡའི་ཉེ་ཆར་གྱི་གླེང་མོལ་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། ཨ་རིས་འབད་པ་ཆེན་པོས་ཟླ་༦པར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་སིང་ཀ་ཕོར་ཐུག་འཕྲད་གནང་སྐབས་བཞག་པའི་དམ་ཚིག་དོན་འཁྱོལ་བྱ་རྒྱུ་ཡིན་པ་ཁོ་ན་བསྟན་ཡོད་པ་རེད།