ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུ་དང་ཨ་རིའི་དབུ་འཛིན་གྱིས་ཕ་རི་སིར་དུས་ཐུང་གི་གླེང་མོལ་བྱས་པ།

སྤེལ་དུས 2018-11-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
            སྤྱི་ཚེས་༡༡ཉིན། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས། ཉིན་དེར་ཧྥ་རན་སེའི་རྒྱལ་ས་ཕ་རི་སིར་འཛམ་གླིང་དམག་ཆེན་དང་པོ་མཇུག་བསྒྲིལ་ཏེ་ལོ་ངོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་སྐབས། ཁོང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་གཉིས་ཀྱིས་དུས་ཐུང་གི་གླེང་མོལ་ཡག་པོ་བྱས་པ་ཡིན་ཞེས་གསུངས་པ་རེད།
            འཛམ་གླིང་དམག་ཆེན་དང་པོ་མཇུག་བསྒྲིལ་ཏེ་ལོ་ངོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དེ་ཁའེ་ཞོན་མེན་གྱི་ཉེ་འཁོར་དུ་སྤེལ་བ་རེད། ཧྥ་རན་སེའི་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཕུ་ཅིང་ནི་ཡུལ་དངོས་སུ་ཕེབས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་མཇུག་ཤོས་དེ་ཡིན་ལ། གཟིགས་སྟེགས་ཀྱི་གྲལ་བསྟར་དང་པོའི་ཕྱོགས་སུ་བསྐྱོད་སྐབས་ཕུ་ཅིང་གིས་འཛུམ་མདངས་མངོན་ཏེ་ཐེ་རོན་ཕུ་དང་ཕྱག་བཏང་གནང་ཡོད། ཨུ་རུ་སུའི་གསར་འགོད་པས་ཉིན་དེ་གའི་འཕྱིས་ཙམ་དུ་ཕུ་ཅིང་ལ་ཐེ་རོན་ཕུ་དང་གླེང་མོལ་བྱེད་པའི་གོ་སྐབས་ཡོད་མེད་དྲིས་པར། ཕུ་ཅིང་གིས་གོ་སྐབས་ཡོད་པ་དང་གླེང་མོལ་ཅུང་ཡག་པོ་བྱུང་ཞེས་གསུངས་པ་རེད།
            ཕུ་ཅིང་གི་གསར་འགྱུར་དྲུངས་ཡིག་རྡེ་མི་ཐེ་ལིས་ཨུ་རུ་སུའི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་གློག་འཕྲིན་གསར་འགྱུར་ཁང་ལ། ཕུ་ཅིང་དང་ཐེ་རོན་ཕུ་གཉིས་ཀྱིས་ཕ་རི་སིར་དུས་ཐུང་གི་གླེང་མོལ་བྱས་པར《ལམ་ཚད་འབྲིང་ཐུང་འཕུར་མདའི་ཆིངས་ཡིག》སྐོར་གླེང་མེད་ཅེས་གསུངས་ཡོད་པ་རེད།