ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

བྱང་ཁོ་རེ་ཡའི་སྨྱན་སྦྱོར་ཚན་པས་ལྷོ་ཁོ་རེ་ཡ་དང་ཨ་རིས་མཚོ་དམག་སྐམ་འཐབ་རུ་ཁག་གི་མཉམ་འབྲེལ་སྦྱོང་བརྡར་བསྐྱར་དུ་སྤེལ་བར་སྐྱོན་བརྗོད་བྱས་པ།

སྤེལ་དུས 2018-11-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             སྤྱི་ཚེས་༡༢ཉིན། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ ལས་ཁུངས་ཚགས་པར་ 《ངལ་རྩོལ་གསར་འགྱུར་ 》ཐོག་ མིང་བཀོད་རྩོམ་ཡིག་སྤེལ་བ་དང་། ཟླ་དྲུག་སོང་རྗེས་ལྷོ་ཁོ་རེ་ཡ་དང་ཨ་རིས་མཚོ་དམག་སྐམ་འཐབ་རུ་ཁག་གི་མཉམ་འབྲེལ་སྦྱོང་བརྡར་བསྐྱར་དུ་སྤེལ་བར་སྐྱོན་བརྗོད་བྱས་ནས། བྱེད་སྟངས་དེ་ནི་བྱང་ཁོ་རེ་ཡར་དམིགས་ཡོད་པ་དང་། ཁོ་རེ་ཡ་ལྷོ་བྱང་གིས་སྤྱི་ཟླ་དགུ་པར་མིང་རྟགས་བཀོད་པའི་དམག་དོན་གྲོས་མཐུན་གྱི་དགོངས་དོན་དང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཞི་བའི་སྐད་ཆ་ཤོད་རེས་ཀྱི་གནས་བབ་དང་རྦད་དེ་རྒྱབ་འགལ་སོང་ཡོད་ཅེས་བསྟན་པ་རེད།
             རྩོམ་ཡིག་ནང་དུ། མིག་སྔའི་ལྷོ་བྱང་ཕྱོགས་གཉིས་ཀྱིས་སྔར་གྱི་དུས་སྐབས་གང་རུང་ལས་ཀྱང་ཡིད་ཆེས་སྲུང་སྐྱོང་དང་ཕྱེད་གླིང་ཕྲན་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་ཆེད་དུ་འབད་པ་དེ་བས་མང་བ་བྱེད་དགོས། ལྷོ་ཁོ་རེ་ཡ་དང་ཨ་རི་ཡིས་མཚོ་དམག་སྐམ་འཐབ་རུ་ཁག་གི་མཉམ་འབྲེལ་སྦྱོང་བརྡར་བསྐྱར་དུ་སྤེལ་བ་ནི་གོང་གསལ་གྱི་བླང་བྱ་དང་མིག་སྔའི་གནས་བབ་དང་མི་མཐུན་པ་རེད་ཅེས་བཤད་ཡོད།
             རྩོམ་ཡིག་གི་མཇུག་ཏུ། ཁོ་ར་ཡ་ཕྱེད་གླིང་ཕྲན་གྱི་མིག་སྔའི་དུས་བབ་མུ་མཐུད་ནས་གླེང་མོལ་དང་ཞི་བདེའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཕར་ཕྱོགས་ལ་དམག་དོན་བྱ་སྤྱོད་སྤེལ་མི་རུང་བ་དང་། ཛ་དྲག་གནས་བབ་ཞི་ལྷོད་དུ་འགྲོ་རྒྱུར་ཕན་པ་ཡོད་པའི་བྱ་སྤྱོད་མང་ཙམ་བཟུང་དགོས་ཞེས་བཤད་ཡོད་པ་རེད།