ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཝུ་ར་ཀུའེ་ཡི་གཞུང་ཚབ་ཆེན་མོས། རྒྱུད་གཅིག་ལམ་གཅིག་གིས་ཀྲུང་གོས་འཐུས་ཚང་ཅན་གྱི་རྒྱལ་ཁབ་ཀྱི་གཟུགས་བརྙན་གཏོད་པར་རོགས་རམ་བྱས་ཡོད་ཅེས་གསུངས་པ།

སྤེལ་དུས 2018-11-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             ཀྲུང་གོར་བཅའ་སྡོད་ཝུ་ར་ཀུའེ་ཡི་གཞུང་ཚབ་ཆེན་མོ་ཧྥེ་ཨར་ནན་ཏོ་ལུའུ་ཀེ་ལི་སི་ཡིས། གནའ་བོའི་དར་གོས་ལམ་བུ་ནས་ཉིང་བཅུད་བླངས་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་ཀྲུང་གོ་རྒྱལ་ཁབ་ཀྱི་གཟུགས་བརྙན་དེ་ས་མཚམས་ལས་བརྒལ་ནས་འཛུགས་སྐྱོང་བྱ་རྒྱུར་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད་པར་ངོས་འཛིན་གནང་བཞིན་ཡོད།
             ལུའུ་ཀེ་ལི་སི་སྤྱི་ལོ་༢༠༡༨ལོའི་ཆིང་ཧྭ་རྒྱལ་ཁབ་གཟུགས་བརྙན་གླེང་སྟེགས་སུ་ཞུགས་སྐབས་གོང་གསལ་གྱི་སྐད་ཆ་དེ་གསུངས་པ་རེད། ལུའུ་ཀེ་ལི་སི་ཡིས་གསུང་བཤད་ནང་། སྔོན་ཆད་ང་ཚོས་ཡོ་རོབ་གླིང་བརྒྱུད་ནས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་བྱས་པ་ཡིན། ད་ལྟ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ཡིས་ང་ཚོ་ལ་ཀྲུང་གོ་ངོས་འཛིན་བྱེད་པའི་བྱ་ཐབས་གསར་བ་ཞིག་འདོན་སྤྲོད་བྱས་ཡོད་ཅེས་བསྟན་གནང་ཡོད་པ་རེད།
             ཁོང་གིས། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་གཟུགས་བརྙན་བརྒྱུད་སྒྲོག་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་དང་། དེ་ཉིད་ཀྲུང་གོའི་སྲོལ་རྒྱུན་གྱི་ཁྲོད་དུ་ཟབ་ཞུགས་བྱས་ཡོད་དེ། གནའ་བཟང་དེང་སྤྱོད་དང་། གསར་སྤེལ་གསར་གཏོད་བྱས་པས། ཤེས་རིག་ལྡན་པའི་གནའ་བོའི་རྒྱལ་ཁབ་ཀྱི་གཟི་དཔལ་འབར་བའི་རིག་གནས་མངོན་ཡོད་པ་མ་ཟད། ད་དུང་དེང་དུས་ཀྱི་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྲ་བརྟན་དུ་བཏང་ཡོད་པས། འཛམ་གླིང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་གཟུགས་བརྙན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱ་རྒྱུར་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།