ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་དུས་འབྲིང་འདེམས་བསྐོའི་ཧྥོ་ལུའོ་ལི་ཏེ་མངའ་སྡེའི་འདེམས་ཤོག་རྩིས་རྒྱག་ཡང་བསྐྱར་བྱ་རྒྱུ་ཡིན་པ།

སྤེལ་དུས 2018-11-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
            ཨ་རིའི་རྒྱལ་ཚོགས་ཀྱི་དུས་འབྲིང་གི་འདེམས་བསྐོའི་འོས་མི་འགའ་ཤས་ཤིག་གི་འདེམས་ཤོག་ཐོབ་ཚད་ཧེ་བག་ཆུང་ཆུང་ཡིན་པའི་དབང་གིས་ཧྥོ་ལུའོ་ལེ་ཏེ་མངའ་སྡེའི་འདེམས་ཤོག་རྩིས་རྒྱག་ཡང་བསྐྱར་བྱེད་དགོས་པ་དང་། མཇུག་འབྲས་དེ་ནི་གཟའ་འཁོར་འགའ་ཤས་རིང་སྒུག་དགོས་ཀྱི་ཡོད་པ་རེད།
            ཧྥོ་ལུའོ་ལི་ཏ་མངའ་སྡེའི་བྱ་དོན་བློན་ཆེན་ཏེ་ཙེ་ནཱ་ཡིས་ཡང་བསྐྱར་རྩིས་རྒྱག་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། དེའི་རྒྱུ་མཚན་ནི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་སྟོད་པའི་གྲོས་མིའི་འདེམས་བསྐོའི་ཁྲོད་དུ་སྤྱི་མཐུན་ཏང་གི་འོས་མི་ལི་ཁེ་སི་ཁོ་ཐེའི་འདེམས་ཤོག་ཐོབ་ཚད་དེ་དམངས་གཙོ་ཏང་གི་འགྲན་ཡ་པིར་ནཱར་ཞུན་ལས་བརྒྱ་ཆ་0.15ལས་མང་བ་མེད་པ་དང་། དེ་མིན་རྒྱལ་ཚོགས་ཀྱི་གྲོས་མིའི་འདེམས་བསྐོ་ཕུད། མངའ་སྡེའི་འགོ་འཛིན་གྱི་འདེམས་བསྐོའི་ཁྲོད་དུ་སྤྱི་མཐུན་ཏང་གི་འོས་མི་ལུའོ་ཨེན་ཏེ་སང་ཏི་སིའི་འདེམས་ཤོག་དེ་དམངས་གཙོ་ཏང་གི་འགྲན་ཡ་ཨན་ཏེ་ལུའུ་ ཅེ་ལེ་མུའུ་ལས་བརྒྱ་ཆ་0.41ལས་མང་བ་མེད་པའི་དབང་གིས་ཡིན་པ་རེད།
            ཏེ་ཙེ་ནཱ་ཡིས། འཕྲུལ་ཆས་ཀྱིས་འདེམས་ཤོག་རྩིས་རྒྱག་ཡང་བསྐྱར་བྱས་འབྲས་དེ་སྤྱི་ཚེས་༡༥ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣པའི་གོང་དུ་ཐོན་རྒྱུ་ཡིན་ཞེས་གསུངས་པ་རེད།