ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དབུ་ཚོགས་སྐབས་སོ་གསུམ་པ་སིང་ཀ་ཕོར་དུ་འགོ་ཚུགས་པ།

སྤེལ་དུས 2018-11-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
               སྤྱི་ཚེས་༡༣ཉིན་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དབུ་ཚོགས་སྐབས་སོ་གསུམ་པ་སིང་ཀ་ཕོར་དུ་འགོ་ཚུགས་པ་དང་། ཚོགས་ཞུགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་མི་སྣས་མཉེན་ཤུགས་དང་གསར་གཏོད་ཀྱི་བརྗོད་བྱ་གཙོ་བོ་བྱས་ཤིང་། ཕྱོགས་མང་རིང་ལུགས་མཉམ་ལས་ཀྱི་སྒྲོམ་གཞིའི་འོག་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གཞི་གཅིག་ཅན་དུ་འགྱུར་རྒྱུ་དང་ཐུན་མོང་མ་ལག་འཛུགས་སྐྲུན་བྱེད་རྒྱུར་སྔར་བས་སྐུལ་འདེད་གཏོང་ཡུལ་འཚོལ་བཞིན་ཡོད་པ་རེད།
               ད་ལོ་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེ་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཏུ་གསུང་བཤད་གནང་བ་རེད། སིང་ཀ་ཕོར་གྱི་ཙུང་ལིའི་གཞུང་ལས་ཁང་གི་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། ཚོགས་ཞུགས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་དབུ་ཁྲིད་མི་སྣས་དབུ་ཚོགས་རིང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ས་ཁུལ་གྱི་མཉེན་ཤུགས་དང་གསར་གཏོད་ལ་ཐོབ་པའི་གྲུབ་འབྲས་ལ་ཤུགས་སྣོན་རྒྱག་རྒྱུའི་འཕེལ་རིམ་རབ་དང་རིམ་པར་དམིགས་ཏེ་ཞིབ་བརྟག་བྱེད་རྒྱུ་མ་ཟད། གང་འདྲ་བྱས་ནས་ས་ཁོངས་ཆབ་སྲིད་དང་དཔལ་འབྱོར་ཁོར་ཡུག་ཁྲོད་དུ་ཐོན་ཞིང་ངོ་བོ་འགྱུར་བའི་རྒྱབ་ལྗོངས་འོག་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གོང་འཕེལ་ཡོང་བར་སྐུལ་འདེད་གང་འདྲ་གཏོང་མིན་ཐད་བགྲོ་གླེང་བྱས་ཡོད་པ་རེད།