ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

སིང་ཀ་ཕོར་ཚོང་ཟོག་ལས་རིགས་ཀྱིས་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་ལ་བགྲོ་གླེང་ཚ་ཚ་འུར་འུར་བྱེད་བཞིན་པ།

སྤེལ་དུས 2018-11-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
              སྤྱི་ཚེས་༡༣ཉིན་སིང་ཀ་ཕོར་དུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སིང་ཀ་ཕོར་གྱི་འཆད་འཁྲིད་ཅེས་པའི་ཐོག་འགོ་བརྗོད་དུ་སྒོ་དབྱེ་སྦྲེལ་མཐུད་ཁྲོད་ཐུན་མོང་མཉམ་སྤྱོད་དར་རྒྱས་གཏོད་དགོས་ཞེས་པའི་བརྗོད་བྱ་གཙོ་བོའི་གཏམ་བཤད་སྤེལ་གནང་བ་དང་། གཏམ་བཤད་ལ་གསན་འཇོག་གནང་མཁན་སིང་ཀ་ཕོར་གྱི་ཚོང་ཟོག་ལས་རིགས་ཀྱི་མི་སྣས་དོན་དེར་བགྲོ་གླེང་ཚ་ཚ་འུར་འུར་བྱེད་བཞིན་པ་དང་། ཁོང་ཚོས་དེ་བས་སྒོ་དབྱེའི་ཀྲུང་གོས་སྐྲུན་པའི་གོ་སྐབས་དེ་བས་མང་བ་དམ་འཛིན་བྱས་ནས། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
              ཚོང་འགྲུལ་ཀྲུང་གོའི་ཀྲུའུ་ཞི་ལི་ལོན་ཞན་གྱིས་གཏམ་བཤད་གསན་གྲུབ་རྗེས་ཙུང་ལི་ལི་ཁེ་ཆང་གི་གཏམ་བཤད་དེའི་ཐོག་ནས་ཀྲུང་གོ་དང་ཕན་ཚུན་ཚོང་འགྲུལ་ཧ་ཅང་ཟབ་པ་དང་དངོས་དོན་ཧ་ཅང་ལེགས་པའི་རྣམ་པ་མཚོན་ཐུབ་པའི་ངོས་འཛིན་གནང་ཡོད་པ་རེད། ཀྲུང་གོའི་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རའི་གཞི་ཁྱོན་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པ་དང་སིང་ཀ་ཕོར་གྱིས་དེའི་མདུན་ལྗོངས་ལ་ལྟ་སྟངས་ཧ་ཅང་ཡག་པོ་འཛིན་གྱི་ཡོད་པ་རེད།
              སིང་ཀ་ཕོར་གྱི་ཤིང་ཁྲེན་དངུལ་ཁང་མ་རྩ་ཁྲོམ་རའི་སྡེ་ཁག་གི་མཐོ་རིམ་སྤྱི་འདོམས་གཞོན་པ་ཞུས་ཡུན་པིན་གྱིས།སིང་ཀ་ཕོར་གྱི་ཁེ་ལས་མང་པོ་ཞིག་གི་མི་ཚང་མས་རྒྱ་སྐད་དང་དབྱིན་སྐད་གཉིས་ཀ་སྤྱོད་ཤེས་པས་བཟང་ཆ་འདི་ནི་ཁོ་ཚོས་ཀྲུང་གོར་ལས་སྒོ་སྤེལ་རྒྱུར་རོགས་རམ་ཆེན་པོ་ཡོད་ཅེས་གསུངས་པ་རེད།
              ལི་མ་རྐང་ཚོད་འཛིན་སྒེར་གཉེར་ཚད་ཡོད་ཀུང་སིའི་སྤྱི་འདོམས་པ་ལི་ཏ་ཡིས་ཀྲུང་གོས་མུ་མཐུད་དེ་སྒོ་འབྱེད་བྱས་པ་དེས་སིང་ཀ་ཕོར་གྱི་ཁེ་ལས་ལ་དེ་བས་མང་བའི་གོ་སྐབས་གཏོད་ཡོད་པ་དང་། སིང་ཀ་ཕོར་གྱི་ཁེ་ལས་ནས་གོ་སྐབས་འདི་དག་དམ་འཛིན་བྱེད་བསམ་ན་སྔོན་ལ་ཀྲུང་གོར་སློབ་སྦྱོང་བྱེད་དགོས་པ་དང་རང་ངོས་ཀྱི་མི་འདང་བའི་ཆ་ཁ་གསབ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
              ད་ཐེངས་སིང་ཀ་ཕོར་གྱི་འཆར་འཁྲིད་དེ་ནི་ཡིའུ་སུའོ་ཕུའུ་དབྱི་ས་ཨ་ཤེ་ཡ་ཤར་ལྷོའི་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པ་དང་། ཚོང་འགྲུལ་ཀྲུང་གོ་ཞེས་པས་གཉེར་རོགས་བྱས་པ་རེད། སིང་ཀ་ཕོར་གྱི་ལས་རིགས་ཁག་གི་འཐུས་མི་དང་ཕྱི་རྒྱལ་དུ་བཅར་སྡོད་གཞུང་ཚབས་ཕོ་ཉ་སོགས་མི་གྲངས་༥༠༠ལྷག་གིས་ཙུང་ལི་ལི་ཁེ་ཆང་གི་གཏམ་བཤད་ལ་གསན་འཇོག་གནང་ཡོད་པ་མ་ཟད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་སེ་གྲགས་ཡོད་པ་རེད།