ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕུ་ཅིང་དང་ནཱ་ཐ་ཉི་ཡ་ཧུས་སི་རི་ཡའི་གནས་བབ་ཐད་ཞལ་པར་སྐྱོན་རེས་གནང་བ།

སྤེལ་དུས 2019-01-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             སྤྱི་ཚེས་༤ཉིན་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་དབྱི་སི་རལ་གྱི་ཙུང་ལི་ནཱ་ཐ་ཉི་ཡ་ཧུས་ཞལ་པར་སྐྱོན་རེས་གནང་སྟེ། སི་རི་ཡའི་གནས་བབ་ཐད་ལ་བགྲོ་གླེང་གནང་བ་རེད། ཁེ་ལི་མའུ་ལིན་ཕོ་བྲང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་ཏུ་སྤྱི་ཚེས་༤ཉིན་གནས་ཚུལ་སྤེལ་ནས། ཕུ་ཅིང་གིས་ཉིན་དེར་ཞལ་ཆད་ལྟར་ནཱ་ཐ་ཉི་ཡའི་ཧུ་དང་ཞལ་པར་སྐྱོན་རེས་གནང་ཡོད་ཅེས་འཁོད་ཡོད། ཨ་རིས་སི་རི་ཡ་ནས་དམག་མི་ཕྱིར་འཐེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་འོག་ལ་ཁོང་གཉིས་ནས་སི་རི་ཡའི་དུས་བབ་ཀྱི་གོང་འཕེལ་ཐད་ལ་བགྲོ་གླེང་གནང་ཡོད་པ་རེད། ཕྱོགས་གཉིས་པོས་དགོས་ངེས་ཀྱི་སྐབས་སུ་འཇིགས་སྐུལ་རིང་ལུགས་རྦད་དེ་མེད་པ་བཟོ་རྒྱུ་མ་ཟད་ཆབ་སྲིད་ཀྱིས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་རྒྱུར་གང་མགྱོགས་སྐུལ་འདེད་གཏོང་རྒྱུ་དང་། དམག་དོན་དང་ཕྱི་འབྲེལ་གྱིས་ཐབས་ལམ་བརྒྱུད་དེ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད་པ་རེད།