ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་པའོ་ལིན་སྤོ་ལོ་རྒྱག་ས་ཞིག་ལ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པ།

སྤེལ་དུས 2019-01-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
           ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་ཐོ་ལན་སི་གྲོང་ཁྱེར་གྱི་པའོ་ལིན་སྤོ་ལོ་རྒྱག་ས་ཞིག་གི་ནང་སྤྱི་ཚེས་4ཉིན་གྱི་མཚན་མོ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ཡོད། ས་གནས་དེ་གའི་གསར་འགྱུར་ཚན་པས་ཉེན་རྟོག་ཕྱོགས་ཀྱི་གནས་ཚུལ་ལུང་དུ་དྲངས་ནས། དོན་རྐྱེན་ཁྲོད་མི་3རྐྱེན་ལམ་དུ་ཤོར་བ་དང་། མི་4ལ་རྨས་སྐྱོན་བཟོས་ཡོད་ཅེས་བསྟན་ཡོད་པ་རེད།
           ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་ཐོ་ལན་སི་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེགས་བུ་ཐེའུ་ཐེ་ཐོག སྙན་ཞུའི་ནང་ས་ཡུལ་དངོས་ནས་མེ་མདའི་སྒྲ་མང་པོ་ཐོས་པ་དང་། མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་གནོད་འཚེ་ཕོག་མཁན་མང་པོ་བྱུང་འདུག་ཅེས་འཁོད་འདུག དེའི་ཐད་ཉེན་རྟོག་ཕྱོགས་ཀྱིས། གྱོད་གཞིར་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་དང་། ཉེན་རྟོག་ཕྱོགས་ཀྱིས་མི་རྣམས་འབྲེལ་ཡོད་ས་ཁོངས་ནས་ཁ་བྲལ་དགོས་པའི་རེ་འབོད་བྱས་ཡོད། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་མེ་མདའ་རྒྱག་མཁན་སུ་ཡིན་མིན་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། ཉེ་བའི་ལོའི་ནང་། ཨ་རིར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཡང་སེ་ཐོན་ཡོད། སྤྱི་ལོ་2018ལོའི་ཟླ་བ་11པའི་ཚེས་8ཉིན་བར། ཨ་རི་ཡོངས་ལ་མེ་མདའ་བརྒྱབ་པའི་དོན་རྐྱེན་48966ཐོན་ནས། མི་12478རྐྱེན་ལམ་དུ་ཤོར་ཡོད་པ་རེད།