ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

འབར་མའི་ཉེན་རྟོག་ཕྱོགས་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་རོ་ཁེའི་མངའ་སྡེའི་ཉེན་རྟོག་སོ་ལྟ་ཁང་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་བརྟག་དཔྱད་བྱ་རྒྱུ་ཡིན་པ།

སྤེལ་དུས 2019-01-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             འབར་མའི་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཚེས་༥ཉིན། རོ་ཁེའི་མངའ་སྡེའི་བྱང་རྒྱུད་ཀྱི་ཉེན་རྟོག་སོ་ལྟ་ཁང་བཞིར་ཉིན་ཤས་གོང་འཇིགས་སྐུལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་དེར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱིས་གྱོད་དོན་ཐོ་འགོད་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
             འབར་མའི་ཉེན་རྟོག་ཕྱོགས་ཀྱིས། སྤྱི་ཚེས་༤ཉིན་པུ་ཏི་ཏང་གྲོང་རྡལ་ཏང་པ་ཀྲའི་ཉེན་རྟོག་ཅུད་གཤམ་འོག་གི་ཉེན་རྟོག་སོ་ལྟ་ཁང་བཞི་ལ་རོ་ཁེའི་དམག་གིས་འཇབ་རྒོལ་བྱས་ཡོད་པ་དང་། ཉེན་རྟོག་པར་འཆི་རྨས་བཏང་ཡོད།
             ཏང་པ་ཀྲའི་ཉེན་རྟོག་ཅུད་ཀྱིས་སྤྱི་ལོ་༢༠༡༤ལོའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ལྟར་ཁག་སོ་སོར་ཉེན་རྟོག་སོ་ལྟ་ཁང་གི་དོན་རྐྱེན་བཞིར་གྱོད་དོན་ཐོ་འགོད་བྱས་ཡོད་པ་དང་། ཆབས་ཅིག་དེའི་ནང་ཉེན་རྟོག་པ་ཤི་རྨས་ཚབས་ཆེ་ཤོས་ཡིན་པའི་ཨེ་མིང་པོའི་སོ་ལྟ་ཁང་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་ཉེས་པ་ཚབས་ཆེན་གྱི་ཐག་གཅོད་ཞིབ་བཤེར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
             སྤྱི་ཚེས་༥ཉིན་འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བས་གསལ་བསྒྲགས་སྤེལ་ནས། རོ་ཁེའི་མངའ་སྡེའི་བྱང་རྒྱུད་ས་ཁུལ་དུ་དྲག་ཤུགས་ཀྱིས་ཉེན་རྟོག་པར་འཇབ་རྒོལ་བྱེད་པའི་དོན་རྐྱེན་བསྐྱར་དུ་ཐོན་པ་མ་ཟད་མི་མང་པོ་འཆི་རྨས་བྱུང་བར། སྐྱོན་འཛུགས་དྲག་པོ་བྱས་ནས། རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་། གསལ་བསྒྲགས་ནང་། ཀྲུང་གོའི་ཕྱོགས་ནས་འབར་མས་རོ་ཁེའི་མངའ་སྡེའི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། རྣམ་པ་གང་རུང་གི་དྲག་ཤུགས་འཇབ་རྒོལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ འབྲེལ་ཡོད་ཕྱོགས་ཁག་ནས་བཟོད་སྒོམ་བྱས་ཏེ། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་འབྲེལ་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། ཐུན་མོང་ཐོག་རོ་ཁེའི་མངའ་སྡེའི་བརྟན་བརླིང་དང་ལྷིང་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།