ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

སུའུ་ཏན་ཏའར་ཧྥུའར་དུ་བསྐྱོད་པའི་ཀྲུང་གོའི་ཞི་སྲུང་སྐྱོང་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་གིས་སྤྱི་ལོ་༢༠༡༩ལོའི་ཐོག་མའི་འཕུར་སྐྱོད་ལས་འགན་ལེགས་བསྒྲུབས་བྱུང་བ།

སྤེལ་དུས 2019-01-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
              ས་གནས་འདི་གའི་སྤྱི་ཟླ་དང་པོའི་ཚེས་༣ཉིན། སུའུ་ཏན་ཏའར་ཧྥུའར་དུ་སྐྱོད་པའི་ཀྲུང་གོའི་ཞི་སྲུང་སྐྱོང་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཁག་གཉིས་པས་གནམ་གཤིས་ངན་པ་ཁྱད་བསད་བྱས་ནས། སྤྱི་ལོ་༢༠༡༩ལོའི་ཐོག་མའི་འཕུར་སྐྱོད་ལས་འགན་ལེགས་བསྒྲུབས་བྱས་ཡོད།
              ཤེས་རྟོགས་བྱས་པར་གཞིགས་ན། སུའུ་ཏན་ཏའར་ཧྥུའར་དུ་དུ་སྐྱོད་པའི་ཀྲུང་གོའི་ཞི་སྲུང་ཐུད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་གིས་སྐམ་དམག་གི་ཚོགས་པའི་དམག་ཨང་༨༡པའི་སྐམ་དམག་མཁའ་སྐྱོད་དམག་གི་ལུའེ་ཤོག་ག་གེ་མོས་བསྐྱར་འཛུགས་ལ་བརྟེན་ནས། བརྗེ་སྒྱུར་བཀོད་སྒྲིག་ཟླ་བ་བཞི་བྱས་ཚུན། སྔ་རྗེས་སུ་མའེ་ལ་ཧྲན་རི་བོའི་འཕུར་མི་ཆོག་པའི་ཁུལ་དུ་རོགས་སྐྱོབ་དང་། རྨས་མ་ཛ་དྲག་སྨན་བཅོས་བྱས་པར་སྐྱེལ་བ། རྫས་མདེལ་ཉེན་ཁའི་དངོས་ཟོག་སྐྱེན་འདྲེན་སོགས་དཀའ་གནད་ཆེ་བ་དང་ཉེན་ཁ་ཆེ་བའི་ལས་འགན་ལེགས་བསྒྲུབས་བྱས་པ་དང་། ཁྱོན་བསྡོམས་འཕུར་བསྐྱོད་ཆུ་ཚོད་༣༢༠ལྷག་བྱས་པ་དང་། མི་༡༡༠༠ལྷག་བསྐྱེལ་བ། དངོས་ཟོག་ལྗིད་ཚད་ཏུན་༡༢༠ཡོད་པས། ཏའར་ཧྥུའར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥི་རི་ཁ་གླིང་མནའ་འབྲེལ་གྱིས། མཁའ་ཐོག་གི་མེད་དུ་མེད་རུང་བའི་སྟོབས་ཤུགས་ཞེས་པའི་མཚན་སྙན་སྤྲད་ཡོད།