ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་དམག་ཕྱིར་འཐེན་པས་སི་རི་ཡའི་ཁུར་ཏེའི་མི་རྣམས་ཨུ་རུ་སུའི་ཕྱོགས་སུ་འཁོར་བ།

སྤེལ་དུས 2019-01-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
       སྤྱི་ཚེས་༥ཉིན། སི་རི་ཡའི་ཁུར་ཏེའི་དཔོན་རིགས་ཀྱིས་ཕྱིར་བསྒྲགས་བྱས་ཏེ། ཁུར་ཏེ་བས་ཨུ་རུ་སུ་དང་དེས་རྒྱབ་སྐྱོར་བྱེད་པའི་སི་རི་ཡའི་སྲིད་གཞུང་ལ་གླེང་མོལ་བྱས་ཏེ། ཨ་རིའི་དམག་ཕྱིར་འཐེན་བྱས་ནས་བཞག་པའི་སྟོང་ཆ་དེ་ཅི་ལྟར་སྐོང་དགོས་ཚུལ་ཐད་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། རང་སྐྱོང་གི་རེ་བ་སྐོང་བར་བརྩོན་ལེན་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
       རུས་མིང་ཁྱབ་བསྒྲགས་བྱེད་འདོད་མེད་པའི་ཁུར་ཏེའི་དཔོན་རིགས་ཤིག་གིས་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གི་གསར་འགོད་པར། ཁུར་ཏེ་བས་ཨུ་རུ་སུའི་ཕྱོགས་དང་དེས་རྒྱབ་སྐྱོར་བྱེད་པའི་སི་རི་ཡའི་སྲིད་གཞུང་ལ་གྲོས་མོལ་བྱེད་བཞིན་ཡོད་ཅིང་། ཨུ་རུ་སུའི་ཕྱོགས་ནས་ཕན་ནུས་ཆེན་པོ་བཏོན་ཡོད་པ་རེད། ཕྱོགས་གཉིས་ཀས་སི་རི་ཡ་དང་ལྷག་པར་དུ་སི་རི་ཡའི་བྱང་ཕྱོགས་ཧམ་བཟུང་བྱེད་པར་འདོད་པའི་དྲག་ཆས་སྟོབས་ཤུགས་ལ་མཉམ་དུ་འགོག་རྒོལ་བྱེད་རྒྱུར་མོས་མཐུན་བྱུང་ཡོད་པ་རེད་ཅེས་གསུངས་ཡོད།
       སྤྱི་ཚེས་༥ཉིན་སོ་ཏི་ཨ་རབ་ཀྱི་《དཀྱིལ་དབུས་ཚགས་པར》ནང་སྤེལ་བའི་གནས་ཚུལ་ལྟར་ན། སི་རི་ཡའི་ཁུར་ཏེའི་དྲག་ཆས་དཔུང་ཁག“མི་དམངས་སྲུང་སྐྱོབ་རུ་ཁག”ཅེས་པའི་བཀོད་འདོམས་དཔོན་མཐོ་ཤོས་ཞི་ཕན་གྱིས་མོ་སི་ཁོ་དང་ཏ་མ་སི་ཁུར་གསང་སྟབས་ཀྱིས་འཚམས་འདྲི་གནང་སྟེ། ཨུ་རུ་སུའི་ཕྱོགས་དང་སི་རི་ཡའི་ཕྱོགས་ལ་གསང་བའི་གྲོས་ཆོད་ཅིག་འཇོག་རྒྱུའི་གྲོས་གཞི་བཏོན་ཡོད་པ་རེད། གྲོས་ཆོད་ལྟར་ན། ཁུར་ཏེའི་དྲག་ཆས་དཔུང་ཁག་གིས་ཁོ་ཚོས་ཚོད་འཛིན་བྱས་པའི་མཐའ་མཚམས་ཀྱི་ས་ཁོངས་ཕྱིར་སྲིད་གཞུང་དམག་ལ་སྤྲད་དེ། དེའི་ཚབ་ཏུ་སྲིད་གཞུང་གིས་ཁུར་ཏེ་བས་རང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས་པའི་རེ་བ་བཏོན་ཡོད།