ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་ཨ་རི་ཕྱོགས་གཅིག་པུས་དབྱི་སི་རལ་དང་ཞི་བདེའི་གྲོས་ཆོད་ལ་གྲོས་འཆམ་ཡོང་ཐབས་བྱེད་པའི་དམིགས་ཡུལ་དང་ལེན་བྱེད་རྒྱུ་མིན་ཞེས་བརྗོད་ཡོད།

སྤེལ་དུས 2019-01-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ཕ་ལེ་སི་ཐན་གྱི་ཙུང་ཐུང་གི་བློ་འདྲི་ཡུལ་ན་པི་ལེ་ཧྲ་ཨ་སི་ཡིས་སྤྱི་ཚེས་༡༧ཉིན། ཨ་རིའི་སྲིད་གཞུང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་འཕེལ་རིམ་ཁྲོད་ཕྱོགས་གཅིག་ཁོ་ན་ཡིས་དབྱི་སི་རལ་ཕྱོགས་དང་གྲོས་ཆོད་ལ་གྲོས་འཆམ་ཡོང་རྒྱུའི་དམིགས་ཡུལ་གང་རུང་འཛིན་པ་ཕ་ལེ་སི་ཐན་ཕྱོགས་ཀྱིས་དང་ལེན་མི་བྱེད་ཅེས་ནན་སྟོན་བྱས་ཡོད་པ་རེད།
          ཕ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་གཅིག་པར་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་ལ་ཉེ་སྐྱོར་ཕྱོགས་ལྷུང་བྱེད་བཞིན་པའི་གནས་ཚུལ་འོག ཨ་རིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་འཕེལ་རིམ་ཁྲོད་དུ་བྱས་རྗེས་འཇོག་རྒྱུ་ནི་དོན་དངོས་དང་མི་མཐུན་པ་ཞིག་ཡིན་ལ། ཨ་རི་ཕྱོགས་ཀྱིས་ཞི་བདེའི་རྨང་གཞི་ལ་གཏོར་བརླག་གཏོང་བའི་གཏན་འབེབས་ཕྱིར་འཐེན་བྱས་ན་མ་གཏོགས། ཨ་རི་ཕྱོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་རྩོད་གཞི་ཐག་གཅོད་ཆེད་བཏོན་པའི་གྲོས་གཞི་ཡོད་ཚད་ལ་ཕ་ལེ་སི་ཐན་ཕྱོགས་ཀྱིས་ཁ་ཡ་བྱེད་རྒྱུ་མིན་ཞེས་བསྟན་ཡོད་པ་རེད།