ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུའི་མགྲིན་ཚབ་པས་བཤད་དོན། ཀྲུང་གོ་དང་ཨུ་རུ་སུའི་དབར་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་མུ་མཐའ་མེད་པ།

སྤེལ་དུས 2019-01-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་དང་ཨུ་རུ་སུའི་དབར་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་མུ་མཐའ་མེད་ལ་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་བཀག་རྒྱ་ཡང་མེད་ཅེས་བརྗོད།
          གསར་འགོད་པས། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་16ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུ་ལོ་ཕུ་ཡིས་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲུང་ཨུའི་འབྲེལ་བའི་སྐོར་གླེང་སྐབས། 2018ལོར་ཨུ་ཀྲུང་གི་ཉོ་ཚོང་བསྡོམས་འབོར་སླར་ཡང་ཟིན་ཐོ་གསར་པ་བཏོད་དེ་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་དང་ཕྱོགས་མང་སྒྲོམ་གཞིའི་ནང་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཛའ་གྲོགས་འཕེལ་རྒྱས་གཏོང་བ་དེས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་ཐུན་མོང་གི་ཁེ་ཕན་ཆེན་པོ་ཡོད་པས་རེད་ཅེས་བརྗོད། ལ་ཕུ་ལོ་ཕུ་ཡིས་ད་དུང་མི་འགའ་ཤས་ཀྱིས་ཨུ་རུ་སུ་ཕྱོགས་དང་ཞི་བའི་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ཀྲུང་གོར་བཀག་སྡོམ་བྱེད་དགོས་ལུགས་བཏོན་པ་དེར་བློ་ཕམ་ཆེན་པོ་སྐྱེས་བྱུང་ཞེས་བརྗོད། ཀྲུང་གོ་ཕྱོགས་ཀྱིས་གནད་དོན་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
          ཧྭ་ཁྲུན་ཡིང་གིས། ཀྲུང་གོ་ཕྱོགས་ཀྱིས་ལ་ཕུ་ལོ་ཕུ་ཡིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་གདེང་འཇོག་གང་ལེགས་གནང་བར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ལ་ཕུ་ལོ་ཕུས་ཚེས་16ཉིན་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་བརྗོད་པ་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་འོག་2018ལོར་ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་འབྲེལ་བར་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཁྱབ་ཁོངས་ཁག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད།
          ཁོང་གིས་འདི་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་རེད། ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་འབྲེལ་བ་ལོ་70ཡི་འཕེལ་རྒྱས་ལོ་རྒྱུས་བརྒྱུད་ཀྲུང་ཨུའི་འབྲེལ་བ་རྒྱུན་མཐུད་བརྟན་ལྷིང་ངང་འཕེལ་རྒྱས་དང་ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱུང་བ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་པ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་འཚམ་ལ། འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་འཐབ་ཇུས་བརྟན་ལྷིང་གི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་བརྗོད།
          ཁོང་གིས་ཀྲུང་གོ་དང་ཨུ་རུ་སུའི་དབར་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་མུ་མཐའ་མེད་ལ་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་བཀག་རྒྱ་ཡང་མེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ནས་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ་དངོས་དངོས་རྗེན་རྗེན་གྱི་མཉམ་ལས་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་རམ་འདེགས་བྱེད་འདོད་ཡོད་ཅེས་བརྗོད།
          “ང་ཚོས་འཐབ་ཇུས་ཀྱི་འབྲེལ་གཏུག་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་དེ་བས་མང་བ་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཧྭ་ཁྲུན་ཡིང་གིས་བརྗོད།