ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་རིག་གནས་གཟའ་འཁོར་འབར་མར་འགོ་ཚུགས་པ།

སྤེལ་དུས 2019-01-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རང་ཀོང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཀྲུང་གོའི་རིག་གནས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་འབར་མའི་རང་ཀོང་དང་། ནེ་པི་ཏུའུ། མན་ཏེ་ལེ་བཅས་གྲོང་ཁྱེར་ཆེ་གྲས་གསུམ་དུ་འགོ་ཚུགས་པ་རེད།
          “ཀྲུང་འབར་གྱི་བརྩེ་བ·དགའ་སྤྲོ་མཉམ་འཛོམས”ཞེས་པའི་དཔྱིད་གསར་མཚན་ཚོགས་དང་ཀྲུང་གོའི་རིག་གནས་གཟའ་འཁོར་བྱེད་སྒོ་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་། འབར་མའི་དྲིལ་བསྒྲགས་པུའུ། འབར་མའི་ཆོས་ལུགས་ལས་དོན་དང་རིག་གནས་པུའུ་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། ཡུན་ནན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་། ཡུན་ནན་ཉིན་རེའི་ཚགས་པར་ལས་རིགས་ཚོགས་པ། འབར་མའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སོགས་ཀྱིས་གཉེར་རོགས་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་འབར་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་དང་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་ཆེད་ཡིན་པ་རེད།
          ད་ཐེངས་ཀྱི་བྱེད་སྒོ་ཟླ་1ཚེས་16ནས་ཚེས་20ཉིན་བར་གཉེར་རྒྱུ་ཡིན་ཞིང་། “ཀྲུང་འབར་གྱི་བརྩེ་བ·དགའ་སྤྲོ་མཉམ་འཛོམས”ཞེས་པའི་དཔྱིད་གསར་མཉམ་སྤྲོའི་མཚན་ཚོགས་དང་། “མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད”——ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་འགྲེམས་སྟོན། ཀྲུང་གོའི་བརྙན་འཕྲིན་ལེ་ཚན་འབར་མར་འགྲེམས་སྟོན་བྱེད་པའི་བྱེད་སྒོ། ཀྲུང་འབར་སྨྱན་སྦྱོར་གྱི་དཔྱིད་གསར་ཇ་སྟོན་ཚོགས་འདུ། “ཀྲུང་འབར་སྤུན་ཟླའི་དབར་བརྩེ་བ་ཟབ”ཅེས་པའི་པར་རིས་དང་ཡིག་གཟུགས་འགྲེམས་སྟོན། ཡུན་ནན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྤུས་དག་འགྲེམས་སྟོན། ཀྲུང་གོའི་བརྗོད་དོན་གཙོ་བོའི་དཔེ་དེབ་དཔྱིད་གསར་གྱི་འགྲེམས་ཚོང་གཟའ་འཁོར་སོགས་ཚུད་ཡོད།
          ཚེས་16ཉིན། པོ་ཀུའུ་ཞིང་ཆེན་ནས་རང་ཀོང་ཀྲུང་གོའི་རིག་གནས་ལྟེ་གནས་སུ་རིག་གནས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོར་ཞུགས་པར་ཡོང་བའི་འབར་མའི་དམངས་ཚོགས་ཝུའུ་སུའོ་ཝུན་གྱིས་ང་ཀྲུང་གོའི་རིག་གནས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོར་དགའ་པོ་ཡོད། འབར་ཀྲུང་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས་རིག་གནས་འདྲ་པོ་ཡོད་པས། བར་ཐག་ཉེ་བའི་སྤེལ་རེས་འདི་ལྟ་བུས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད། མ་འོངས་པར་སྤེལ་རེས་འདི་འདྲ་བ་སྔར་ལས་མང་བ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསར་འགོད་པར་བཤད་པ་རེད།