ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨ་རིའི་ཉོ་ཚོང་ཐད་ཀྱི་གྲོས་མོལ་གྱི་གནས་ཚུལ་གསར་ཤོས།

སྤེལ་དུས 2019-02-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༢༢ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཕོ་བྲང་དཀར་པོར་ཝ་ཧྲེང་ཏུན་དུ་ཀྲུང་གོ་དང་ཨ་རིའི་རེས་འཁོར་བདུན་པའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་ནང་ཞུགས་པར་ཕེབས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་བསྐོས་ཕོ་ཉ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་ཨ་ཁྱོན་ཡོངས་དཔལ་འབྱོར་གླེང་མོལ་གྱི་ཀྲུང་གོའི་ཕྱོགས་ཀྱི་སྣེ་ཁྲིད་མཁན་ལིའུ་ཧོ་དང་མཇལ་འཛོམས་གནང་བ་དང་། ཁོང་གིས། རེས་འཁོར་འདིའི་མཐོ་རིམ་གྲོས་མོལ་ལ་འཕེལ་རིམ་གལ་ཆེན་ཐོན་པ་དང་དུས་མཚུངས་སྔར་བཞིན་ལས་དོན་མི་ཉུང་བ་ཞིག་སྒྲུབ་དགོས་ཀྱི་ཡོད། དེར་བརྟེན། ཕྱོགས་གཉིས་པོས་རེས་འཁོར་འདིའི་གྲོས་མོལ་དུས་ཡུན་ཉིན་གཉིས་རིང་དུ་གཏོང་རྒྱུའི་ཐག་བཅད་ཡོད་ཅེས་གསུངས་པ་རེད།
             དེ་ནི་ཀྲུང་གོ་དང་ཨ་རིས་རེས་འཁོར་མང་པོའི་མཐོ་རིམ་དཔལ་འབྱོར་ཉོ་ཚོང་གྲོས་མོལ་བྱས་ཚུན། གྲོས་མོལ་དུས་ཚོད་རིང་དུ་གཏོང་ཐེངས་དང་པོ་ཡིན་པ་དང་། དེའི་ཐོག་ནས་འཕེལ་རིམ་གལ་ཆེན་ཐོན་པའི་རྨང་གཞིའི་སྟེང་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་དེ་འགག་རྩའི་དུས་དང་དཀའ་ཚེགས་ཆེ་ཤོས་ཀྱི་མཐའ་མའི་དུས་མཚམས་ལ་སླེབས་པ་མཚོན་གྱི་ཡོད། དུས་མཚུངས་སུ་དེའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཐུབ་ཆེད་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་ཚོགས་པས་ལས་དོན་ཚ་ཚ་འུར་འུར་ངང་སྒྲུབ་པའི་དུས་སུ་སླེབས་པའང་མཚོན་གྱི་ཡོད་པ་རེད།
             ཆབས་ཅིག རེས་འཁོར་འདིའི་གྲོས་མོལ་གྱི་དུས་ཚོད་རིང་དུ་བཏང་བ་དེའི་ཐོག་ནས་ཀྱང་། དུས་ཡུན་ལོ་གཅིག་གི་རྩོད་གླེང་དང་གྲོས་བསྡུར་དང་། ལྷག་པར་དུ་ཀྲུང་གོ་དང་ཨ་རིའི་འགོ་གཙོས་ཨ་ཀེན་ཐིང་དུ་མཇལ་འཛོམས་གནང་བ་དེ་ནས་ཉོ་ཚོང་འགལ་ཟླ་ཆེ་རུ་འགྲོ་བའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་རྗེས། ཕྱོགས་གཉིས་ཀས་གྲོས་བསྡུར་གྱི་དུས་བཀག་ནང་གྲོས་མཐུན་འཇོག་ཐུབ་རེ་བྱེད་པ་གསལ་བཤད་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། ཀྲུང་གོ་དང་ཨ་རི་གཉིས་ནི་ཕན་ཚུན་ཁ་བྲལ་ཐབས་མེད་པ་དང་། མཉམ་ལས་བྱས་ན་གཉིས་ཀར་ཁེ་ཕན་ཐོབ་པ་དང་། ཕན་ཚུན་འཐབ་ན་གཉིས་ཀར་གྱོང་གུན་ཕོག་པ། མཉམ་ལས་ནི་གདམ་ག་ཡག་ཤོས་ཡིན། ལོ་གཅིག་ནང་དོན་དངོས་མང་པོ་ཞིག་གི་ཐོག་ནས་དོན་གནད་དེ་ར་སྤྲོད་བྱས་ཡོད།

             ཀྲུང་གོ་དང་ཨ་རི་གཉིས་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་། སྤྱི་ཚོགས་ལམ་ལུགས། རིག་གནས་སྲོལ་རྒྱུན་སོགས་ཐད་ཧེ་བག་ཆེན་པོ་ཡོད། ཀྲུང་གོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འགལ་ཟླའི་གནད་དོན་གྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གསལ་པོ་དང་གྲ་སྒྲིག་ཡག་པོ་བྱས་ཡོད། མཐའ་མར་གྲོས་བསྡུར་ལ་འབྲས་བུ་ཅི་ཞིག་ཐོབ་ཀྱང་རུང་། ཀྲུང་གོས་གཏན་འཁེལ་ཟིན་པའི་འགྲོས་སྟབས་ལྟར་ཟམ་མི་ཆད་པར་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྒོ་དབྱེ་རྒྱ་ཆེར་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ཐོག་ནས་གོང་འཕེལ་ཡོང་བ་བྱ་རྒྱུ་ཡིན། རྒྱུ་མཚན་ནི་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་རིང་གི་ཉམས་མྱོང་རྩ་ཆེན་ཞིག་ཡིན་ལ། ཀྲུང་གོས་ཕྱི་ཕྱོགས་ཀྱི་རླུང་འཚུབ་དྲག་ཆར་འགོག་པའི་འགོག་རྟེན་སྟོབས་ཆེན་ཞིག་ཀྱང་ཡིན།

རྩོམ་སྒྲིག་པ། སངས་སྐྱབས།