ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་རྒྱལ་བ་དེ་བས་མང་བས་ཀྲུང་གོའི་རིག་གནས་མཉམ་སྤྱོད་དང་ཁྱབ་སྤེལ་གཏོང་བར་དགའ་བ།

སྤེལ་དུས 2019-02-25 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           “སྐུ་ཁམས་བཟང་། ལོ་གསར་ལ་བཀྲ་ཤིས་བདེ་ལེགས། རྒྱུ་ནོར་ལོངས་སྤྱོད་འཕེལ་བའི་སྨོན་འདུན་ཞུ”ཞེས་ལོན་ཏོན་གྱི་ཐང་མིའི་ཁྲོམ་གཞུང་དུ་སྐྱོད་སྐབས་དབུ་སྐྲ་དུང་ལྟར་དཀར་བའི་ཝུའེ་ལན·ཨ་ཏེ་ལིན་ཏུན་གྱིས་ཤེས་མ་ཐག་པའི་རྒྱ་སྐད་བརྒྱབ་སྟེ་ཉེ་འགྲམ་གྱི་ཀྲུང་གོ་བ་རྣམས་དང་ངོ་ཤེས་བཏང་བ་མ་ཟད་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས། 2013ལོར་ཀྲུང་གོར་ཐེངས་དང་པོ་བསྐྱོད་པ་ནས་བཟུང་། དབྱིན་ཇི་བ་དེས་ཀྲུང་གོའི་རིག་གནས་ལ་དགའ་པོ་བྱེད་འགོ་ཚུགས།
           “རང་ཉིད་ཀྲུང་གོར་ཐེངས་མང་འགྲོ་མྱོང་ཡོད་ལ། ཁྲེང་ཏུའུ་དང་། ཁྲུང་ཆིང་། ཤིས་ཨན། པེ་ཅིང་སོགས་གྲོང་ཁྱེར་ལའང་སླེབས་མྱོང་ཡོད”ཅེས་ཨ་ཏེ་ལིན་ཏུན་གྱིས་བཤད་པ་དང་། ཁོང་གིས་རང་ཉིད་ཀྲུང་གོའི་ཞིམ་ཟས་ལ་ཧ་ཅང་དགའ་པོ་ཡོད། གང་ལགས་ཤེ་ན། རིག་གནས་ཀྱི་ནང་དོན་མང་པོ་ཞིག་རྒྱུན་གཏན་གྱི་འཚོ་བ་ནས་མངོན་གྱི་ཡོད་པ་དང་། ཀྲུང་གོ་བའི་གསོལ་ལྕོག་ཐོག་ནས་ཁོ་ཚོའི་གཤིས་རྒྱུད་དང་ཁྱད་ཆོས་ལ་རྒྱུས་མངའ་ལོན་ཐུབ་པས་རེད་ཅེས་བཤད།
           “ནུབ་ཕྱོགས་བ་ཚོ་དང་མི་འདྲ་བར་ཀྲུང་གོ་བས་ལྟོ་ཆས་སྒྲོག་ཙེ་ལྡག་ལྡག་གང་བཤམས་ནས་མཉམ་སྤྱོད་བྱེད་པ་དང་། ཁོ་ཚོས་གསོལ་ལྕོག་ཐོག་ཕན་ཚུན་འདྲ་མཉམ་བརྩི་ཡི་ཡོད། དེར་བརྟེན་ཤ་ཚལ་ཚང་མ་སྒྲོག་ཙེའི་སྟེང་དུ་བཤམས་ནས་ཚང་མ་མཉམ་སྤྱོད་བྱེད་པ་དེ་ནི་ཀྲུང་གོ་བའི་མཉམ་སྤྱོད་ཀྱི་བསམ་བློ་ཞིག་རེད” སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་ཐད་ཀྲུང་གོ་བས་ལྷག་བསམ་རྣམ་དག་གིས་ཁྱིམ་གྱི་ལྟོ་ཆས་ཡག་ཤོས་བཏོན་ནས་སྣེ་ལེན་ཞུ་ཡི་ཡོད་པ་དེ་ནི་ཧ་ཅང་བློ་བག་ཡངས་པོ་ཞིག་མ་རེད་དམ་ཞེས་ཁོང་གིས་བཤད།
           ལོན་ཏོན་དུ་སློབ་སྦྱོང་དང་ལས་ཀ་བྱས་ནས་ལོ་མང་སོང་བའི་ཕྱི་ཁོངས་ཀྲུང་གོ་བའི་མི་རྒྱུད་ཀྱི་གླུ་གཞས་ཟློས་གར་གྱི་བུད་མེད་ཀྱི་སྒྲ་གདངས་མཐོ་བའི་གླུ་གཞས་མཁས་ཅན་ཝང་པེ་པེ་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། ཕྱི་རྒྱལ་བ་དེ་བས་མང་བས་ཀྲུང་གོའི་རིག་གནས་སློབ་སྦྱོང་དང་ཤེས་རྟོགས་གཏིང་ཟབ་བྱེད་པ་མ་ཟད། ཀྲུང་གོའི་རིག་གནས་མཉམ་སྤྱོད་ལ་ཧ་ཅང་དགའ་པོ་བྱེད་པ་དེ་རེད།
           ཉིན་ཤས་གོང་། དབྱིན་ཇིའི་རྒྱལ་ཁབ་རང་མོས་སྤྲོ་སྐྱིད་ཁང་གི་གདན་ཞུས་ལྟར་ཝང་པེ་པེ་སྤྲོ་སྐྱིད་ཁང་དེས་གཉེར་བའི་ཀྲུང་གོའི་ལུགས་རྙིང་ལོའི་ལོ་གསར་གྱི་དགོང་ཚོགས་ལ་ཞུགས་པ་དང་འབྲེལ་འཁྲབ་སྟོན་གྱི་སྐུ་མགྲོན་ཡང་བྱས་པ་རེད། ཝང་པེ་པེས་དེ་གར་ཕེབས་པའི་ནང་རང་ཉིད་དང་སྒྲོག་ཙེ་གཅིག་པ་ཡིན་པའི་ཀྲུང་གོ་བ་ཕུད་གཞན་དག་ཚང་མ་ཕྱི་རྒྱལ་བ་རེད། དགོང་མོ་དེར་སེང་རྩེད་རྩེ་བ་དང་ཀྲུང་གོའི་གླུ་གཞས་གཏོང་བ་སོགས་ཀྱི་འཁྲབ་སྟོན་ལ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་ཟབ་མོ་ལྡན་འདུག་ཅེས་བཤད།
           ཝང་པེ་པེས། རང་ཉིད་ལ་བག་ཆགས་ཟབ་ཤོས་བྱུང་བ་ནི་གཏམ་བཤད་སྤེལ་མཁན་སྐུ་མགྲོན་དབྱིན་ཇིའི་ཚོགས་པ་48ཀྱི་སྤྲོ་སྐྱིད་ཁང་གི་ཀྲུའུ་ཞི་ཧྲི་ཏི་ཧྥུན·ཕེ་ལི་ཡིས་གནང་བའི་གསུང་བཤད་དེ་རེད་ཅེས་བཤད། ཕེ་ལི་ཡིས་ཀྲུང་གོའི་རིག་གནས་ཀྱི་ཁྱད་ཆོས་ཆེ་ཤོས་ནི་མཉམ་དུ་མྱོང་རོལ་བྱེད་པ་དེ་རེད། ལོ་རྒྱུས་ཐོག་འདི་ལྟར་ཡིན་པ་དང་དེང་གི་དུས་སུའང་འདི་ལྟར་ཡིན་ལ། འབྱུང་འགྱུར་ཡང་འདི་ལྟར་ཡིན་སྲིད། ཁྱད་ཆོས་འདི་རིགས་ཀྲུང་གོའི་རིག་གནས་ཀྱི་ཁྲག་རྒྱུན་དུ་རྒྱུག་གི་ཡོད་པས། དབྱིན་ཇིས་ཕྱོགས་མང་པོ་ཞིག་ནས་ཀྲུང་གོར་སློབ་སྦྱོང་བྱེད་ཀྱི་ཡིན། དཔེར་ན། ལས་ལ་བརྩོན་པ་དང་། ཁེངས་སྐྱུང་གུས་ཞབས། ཞི་བདེར་དགའ་ཞེན་སོགས་ཀྱི་སྤྱོད་ཚུལ་བཟང་པོ་དེ་དག་རེད་ཅེས་བཤད།
           ཝང་པེ་པེས། ཕེ་ལིས་ལོ་མང་རིང་ཀྲུང་གོ་དང་འབྲེལ་གཏུག་དམ་ཟབ་བྱས་སྟབས་ཁོང་ལ་ཀྲུང་གོའི་སྒྱུར་བཅོས་ཀྱི་མཛའ་གྲོགས་གཟེངས་རྟགས་ཐོབ་པ་མ་ཟད། དབྱིན་ཇི་བ་མང་པོ་ཞིག་གིས་ཁོང་ཀྲུང་གོ་ཤེས་རྟོགས་ཀྱི་རིགས་གཅིག་མཁས་ཅན་ལའང་བརྩི་ཡི་ཡོད། ཉིན་དེའི་དགོང་ཚོགས་ཀྱི་ལྟད་མོ་བ་ཚོས་ཁོང་ལ་ཀྲུང་གོའི་སྐོར་གྱི་གནད་དོན་འཚང་ཁ་ཤིག་ཤིག་ངང་བཀའ་འདྲི་གནང་བ་དང་། ཕེ་ལིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་མཛའ་གྲོགས་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བྱས་པ་དང་འབྲེལ་ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་བྱེད་བཞིན་ཡོད་ཅེས་བཤད།
           ཕྱི་རྒྱལ་བ་མང་པོ་ཞིག་གིས་ཀྲུང་གོའི་རིག་གནས་རང་འགུལ་ངང་ཁྱབ་སྤེལ་བྱེད་ཅིང་། ལོན་ཏོན་དུ་སློབ་སྦྱོང་བྱེད་བཞིན་པའི་ཕོ་ལན་བ་ཨ་ལེཌ་ཤན་ཌར·མེར་ཉི་ཁོ་ཕུ་ཀྲུང་གོར་ཐེངས་གཅིག་ལས་བསྐྱོད་མྱོང་མེད། འོན་ཀྱང་ཀྲུང་གོའི་རིག་གནས་ཀྱིས་ཁོང་གི་ཡིད་དབང་རྦད་དེ་འཕྲོགས་པ་དང་། ཁོང་གིས་དྲ་སྦྲེལ་བརྒྱུད་རྒྱ་ཡིག་སློབ་སྦྱོང་བྱས་པས། ད་ཆ་གྲོགས་པོ་ཀྲུང་གོ་བ་ཚོ་དང་ཐོགས་པ་མེད་པའི་སྒོ་ནས་ཁ་བརྡ་གློད་ཐུབ་ཀྱི་ཡོད།
           “རྣམ་རྒྱུན་རང་ཉིད་ཀྱིས་དཔེ་དེབ་ཀློག་པ་དང་། དྲ་བར་ཞུགས་པ། དེ་བཞིན་ལོན་ཏོན་དུ་ཡོད་པའི་གྲོགས་པོ་ཀྲུང་གོ་བ་དང་འབྲེལ་གཏུག་བྱེད་པ་བཅས་བརྒྱུད་ཀྲུང་གོའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཤེས་པ་མ་ཟད། རང་ཉིད་ཀྱི་ཉེ་འགྲམ་དུ་ཡོད་པའི་གྲོགས་པོ་ཚོར་ཀྲུང་གོའི་རིག་གནས་ངོ་སྤྲོད་ཀྱང་བྱེད་ཀྱི་ཡོད”ཅེས་དང་། ཁོང་གིས“ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་ཤོས་ནི་ཀྲུང་གོ་བ་རེད། ཁོ་ཚོར་གཤིས་རྒྱུད་ཐད་བློ་བརྟན་འགྱུར་མེད་དང་། ལས་ཀར་ལས་ཕྱོད་ཆེ་བ། དཀའ་ལས་རྒྱག་ཐུབ་པ། སྤྲོ་སྣང་ལྡན་པ་བཅས་ཀྱི་བསམ་བློ་ཞིག་ལྡན་ཡོད་སྟབས། རང་ཉིད་ཀྲུང་གོར་སླར་ཡང་ཐེངས་ཤིག་ལྟ་བར་འགྲོ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད།
           ཀྲུང་གོའི་རིག་གནས་ལ་དབྱིངས་ཞུགས་མཁན་དབྱི་ཐ་ལི་བ་ལེ་ཆེར·ལོ་ཞི་ནཱ་ཡིས་ཝེ་ཉི་སི་སློབ་ཆེན་དུ་ལོ་ཤས་རྒྱ་ཡིག་སློབ་སྦྱོང་བྱེད་མྱོང་ཡོད་པ་དང་། ད་དུང་ཀྲུང་གོར་ལོ་གཉིས་སློབ་སྦྱོང་བྱེད་པར་སྐྱོད་མྱོང་ཡོད། མིག་སྔར་ཁོང་ལོན་ཏོན་དུ་ཟབ་སྦྱོང་བྱེད་བཞིན་ཡོད་པ་མ་ཟད། ལས་ཞོར་གྱི་དུས་ཚོད་སྤྱད་དེ་དབྱི་ཐ་ལི་བར་ཀྲུང་གོའི་རིག་གནས་ནུས་པས་ལྕོགས་ཚོད་ཀྱིས་ཁྱབ་སྤེལ་ཡང་བྱེད་ཀྱི་ཡོད།
           “ང་ཚོས་དེ་དང་ཆབས་ཅིག་ཀྲུང་གོ་བ་འགའ་ཤས་ལ་བཅར་འདྲི་ཞུས་ནས་ཁོང་ཚོའི་ཡོ་རོབ་ཏུ་འཚོ་བ་སྐྱེལ་སྟངས་ཤེས་རྟོགས་བྱས་པ་ཡིན”ཞེས་ལོ་ཞི་ནཱས་སྨྱན་སྦྱོར་ཚན་པ་དེ་དག་རིག་གནས་མི་འདྲ་བ་གཉིས་ཀྱི་སྦྱོར་མཚམས་ཤིག་ལ་འགྱུར་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།

རྩོམ་སྒྲིག་པ། སངས་སྐྱབས།