ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨེ་ཅིབ་དང་ཧྥ་རན་སིའི་མཉམ་འབྲེལ་མཚོ་དམག་གི་དམག་དོན་སྦྱོང་བརྡར་མཇུག་སྒྲིལ།

སྤེལ་དུས 2019-03-08 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དང་ཧྥ་རན་སིའི་མཚོ་དམག་གིས་ཉིན་དེར་ཨེ་ཅིབ་ཀྱི་མཚོ་དམར་དང་ས་དཀྱིལ་མཚོ་ཁོངས་ནས་སྤེལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་ཟེར།
             གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་མཚོ་དམག་གི་ནུབ་བྱང་གི་རླུང་ཞེས་པའི་ཆུ་སྐམ་གཉིས་བཀོལ་གྱི་དཔུང་འཇུག་གྲུ་གཟིངས་ཨན་ཝ་ཨར་སཱ་ཏཱ་ཐི་རྟགས་ཅན་དང་། ཅཱ་མེད་ལེ་ཨ་པུའུ་ཏུའུ་ལེ་ནཱ་སེ་ཨར་རྟགས་ཅན། ཉེན་སྲུང་གྲུ་གཟིངས་དང་འཕུར་མདའི་གྲུ་གཟིངས་འགའ། ཧྥ་རན་སིའི་མཚོ་དམག་གི་གློག་ཞག་རྟགས་ཅན་གྱི་ཆུ་སྐམ་གཉིས་བཀོལ་གྱི་དཔུང་འཇུག་གྲུ་གཟིངས་སོགས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས། 
             མཚོ་དམག་ལས་གཞན་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གི་དམིགས་བསལ་དམག་དཔུང་ཡང་སྦྱོང་བརྡར་ལ་ཞུགས་ཡོད་པ་རེད།
             ཨེ་ཅིབ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་བདུན་ཉིན་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། ཨེ་ཅིབ་དང་དབྱིན་ཇིའི་དམག་དཔུང་གིས་ཉིན་དེར་ཨེ་ཅིབ་བྱང་ཕྱོགས་ཀྱི་ཡཱ་ལི་ཧྲན་ཏཱ་མུའུ་ཧན་མའོ་ཏི་ནཱ་ཅི་པུའུ་དམག་དོན་རྟེན་གཞི་ནས་ཡཱ་ཧི་མའོ་སི་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར།
             གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་ནང་དོ་ལ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྦྱོང་བརྡར་དང་གྲོང་ཁྱེར་གྱི་འཐབ་འཁྲུག་འདུས་ཟེར། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དབྱིན་ཇིའི་མི་སྣ་དང་སྒྲིག་ཆས་འདས་པའི་ཉིན་འགའི་ནང་བསྟུད་མར་ཨེ་ཅིབ་ཀྱི་མཁའ་དམག་རྟེན་གཞི་དང་གྲུ་ཁར་འབྱོར་ཡོད་ཟེར།
རྩོམ་སྒྲིག་པ། སངས་སྐྱབས།