ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

གྲུབ་འབྲས་བཟང་པོས་འཛམ་གླིང་ཁྱོན་ལ་ཕན། ཆོད་སེམས་བརྟན་པོས་མི་སེམས་སྐུལ་མ་ཐེབས།

སྤེལ་དུས 2019-03-12 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་གདེང་འཇོག་ཡག་པོ་བྱས་པ།
            འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་འགན་གྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་འཁོད་ཡོད། ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་དབུལ་སྒྲོལ་གྱི་གྲུབ་འབྲས་མངོན་གསལ་དོད་ལ་འཛམ་གླིང་ཁྱོན་ལའང་ཕན་པ་ཐོབ་པས། དབུལ་སྒྲོལ་གྱི་ཉམས་མྱོང་དག་གིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་ལ། ཀྲུང་གོས་དབུལ་སྒྲོལ་གྱི་འགག་སྒྲོལ་རྩྭ་སྤྱིལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཆོད་སེམས་ཀྱིས་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་ལ་སྐུལ་ལྕག་ཐེབས་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
            འཛམ་གླིང་དངུལ་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་མི་100རེ་དབུལ་སྒྲོལ་ཐུབ་པའི་ནང་ཀྲུང་གོ་བ་70ལྷག་ཙམ་ཡོད་པ་རེད། ཧྥི་ལི་ཕིན་གྱི་འབོ་གསེར་སྲིད་ཇུས་ཞིབ་འཇུག་ཚོགས་པའི་སྲོལ་གཏོད་པ་ཧེར་མན·ལའོ་ལེར་གྱིས་ལོ་བཅུ་ཕྲག་རིང་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་བརྩི་འཇོག་ཡིད་སྨོན་བྱེད་པ་མ་ཟད། ཁོང་གིས། ལོ་40རིང་ཀྲུང་གོས་མི་འབོར་དུང་ཕྱུར་འགའ་དབུལ་པོའི་གནས་ནས་བསྒྲལ་བ་དེ་ནི་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་རེད་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་གི་འཇོན་ཐང་ཆེན་པོའང་མངོན་ཡོད་ཅེས་བརྗོད།
            ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་འགན་འཁུར་རྩོམ་སྒྲིག་པ་གཞོན་པ་སཱ་མི·ཁཱ་མུ་ཧ་ཝེ་ཡིས། 2019ལོ་ནི་ཀྲུང་གོའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་ཨང་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པའི་འགག་རྩའི་ལོ་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་འདི་ཀྲུང་གོའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་ཙམ་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། ཀྲུང་གོའི་གྲུབ་འབྲས་ལས་འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་ཟིན་པའི་རྒྱལ་ཁབ་ཀྱིས་དབུལ་པོ་དབུལ་རྐྱང་གི་རྣམ་པ་མེད་པར་བཟོས་པ་མཚོན་ལ། རྒྱལ་ཁབ་གཞན་ལ་ཉམས་མྱོང་གལ་ཆེན་མཁོ་འདོན་བྱེད་ཐུབ་ངེས་རེད་ཅེས་བརྗོད།
            ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཁས་དབང་ཀའེ་ལི་ཞུང·དབྱི་ཅི་ཡ་ལཱས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། དབུལ་སྒྲོལ་འགག་སྒྲོལ་ཐད་ཐོབ་པའི་ཀྲུང་གོའི་གྲུབ་འབྲས་ནི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པ་ཞིག་ཡོད་པ་དང་། གནད་སྨིན་དབུལ་སྐྱོར་བྱས་པ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་ཐོབ་རྒྱུ་འགན་ལེན་བྱས་ཡོད་པས། ཀྲུང་གོར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མང་པོ་ཡོད་པ་དག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་སྤྱོད་བྱེད་ཆོག དབུལ་ཕོངས་སེལ་བ་ནི་སྔར་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་པོ་དེ་ཡིན་པ་དང་། ད་ཆ་ཕྱོགས་གཉིས་ཀྱིས་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཐད་ཕན་འབྲས་ལྡན་པའི་མཉམ་ལས་བྱེད་བཞིན་ཡོད་ཅེས་བརྗོད།
            ནི་ཀྲེ་རི་ཡའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲར་སི·ཨའོ་ནུ་ན་ཀྲུའུ་ཡིས། ཀྲུང་གོའི་དབུལ་ཕོངས་སེལ་བའི་བྱ་ཐབས་ནི་ལག་ལེན་དུ་འཁྱོལ་ཐུབ་ངེས་དང་དམིགས་སའི་རང་བཞིན་ཆེ་ལ་རྒྱུན་སྲིང་ཐུབ་པ་ཞིག་ཡིན་པས། ནི་ཀྲེ་རི་ཡས་ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས། སྔོན་ལ་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་གཏན་འཁེལ་བྱས་ཏེ་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་གྲོང་གསེབ་ལ་དབུལ་པོའི་བསམ་བློ་སེལ་རོགས་བྱས་ཏེ། ཞིང་པས་ཉེ་འགྲམ་གྱི་གོ་སྐབས་མཐོང་བ་དང་དུས་ཚོད་དམ་འཛིན་གྱིས་གོ་སྐབས་དག་རྒྱུ་ནོར་ལ་བསྒྱུར་ནས་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
            ཡོ་རོབ་ཞིབ་འཇུག་རྒྱལ་སྤྱིའི་ལྟེ་གནས་ཀྱི་ཀྲུང་གོའི་གནད་དོན་གྱི་མཐོ་རིམ་ཞིབ་འཇུག་པ་ཆའོ་ཀྲེ·ཚོ་ཀེ་ཕུ་ལོ་སིས། ཀྲུང་གོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དམངས་འཚོར་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་འཁོད་པར་བསྔགས་བརྗོད་བྱས་ཤིང་། ཁོང་གིས། ཀྲུང་གོ་སྲིད་གཞུང་གིས་གྲོང་གསེབ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ནང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་དང་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་བ་སོགས་དང་དབུལ་སྐྱོར་ཟུང་འབྲེལ་ནུས་ལྡན་བྱས་ནས། འཕེལ་རྒྱས་འགོར་བའི་ས་ཁུལ་གྱི་འཛད་སྤྱོད་ནུས་པ་རིམ་བཞིན་མཐོ་རུ་གཏོང་བར་སྐུལ་སྤེལ་གཏོང་བའི་འབྲེལ་ཡོད་བྱ་ཐབས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོས་སློབ་སྦྱོང་བྱེད་འོས་པ་ཞིག་ཡོད་ཅེས་བརྗོད།
            ཐན་ཙན་ནི་ཡའི་ཏ་ལེ་སི་སཱ་ལ་མུ་སློབ་ཆེན་གྱི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཧྥུ་ལའེ·མོ་ཤིས། ཀྲུང་གོས་དུས་ཐུང་ལོ་བཅུ་ཕྲག་འགའི་རིང་མི་དམངས་དུང་ཕྱུར་འགའི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱས་པ་དེ་ནི་འཛམ་གླིང་རང་བཞིན་གྱི་གསར་གཏོད་ཅིག་རེད། ཀྲུང་གོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་2019ལོར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་བའི་དམིགས་ཚད་བཟོས་པ་ལས་འཛམ་གླིང་གིས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་གདེང་ཚོད་ཟབ་མོ་མཐོང་དུ་འཇུག་དགོས་ཞེས་བརྗོད་པ་རེད།
            ཨ་རིའི་གྲོང་ཁྱེར་ཤིའུ་སི་ཏུན་དུ་བཅའ་སྡོད་འཇར་མན་ཞི་ལེ་ཞིབ་འཇུག་སུའོ་ཡི་སྐུ་ཚབ་པུ་ལའེ་ཨེན ·ལན་ཚེས། ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་ཐད་འབད་བརྩོན་བྱས་པ་དེས་རྒྱལ་ཁབ་གཞན་དག་ལ་མིག་དཔེ་སྟོན་ཡོད་ལ་གྲུབ་འབྲས་ཀྱང་ཀུན་གྱི་མཐོང་སྣང་དུ་གྱུར་ཡོད། “རྒྱུད་གཅིག་ལམ་གཅིག”སོགས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཀྱིས་རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གཉིས་ཁེ་གཉིས་ཕན་ལ་སྐུལ་མ་གཏོང་བཞིན་ཡོད་པས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱས་པ་དེས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་དུ་གཏོང་བའི་བྱ་གཞག་དང་རྒྱུན་སྲིང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་སྲིད་ཅེས་བརྗོད།
            ནེའུ་ཙི་ལན་གྱི་ཚོང་དོན་སློང་གླིང་གི་ཡོན་ཀྲང་ཧོང་ཝུའེ་ཞུང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཁོད་པའི“དབུལ་སྒྲོལ་ལ་ཕན་འབྲས་ཐོན་པ་དང་། རྒྱུན་སྲིང་ཐུབ་པ། ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི”རྒྱས་བཤད་ལ་བག་ཆགས་ཟབ་མོ་བྱུང་ཡོད། ཁོང་གིས། 2020ལོར་དུས་བཀག་ལྟར་དབུལ་པོ་དབུལ་རྐྱང་བསལ་རྗེས་ཀྲུང་གོས་ལོ་བཅུ་སྔ་སྣུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོར་རྒྱུན་སྲིང་འཕེལ་རྒྱས་གཏོང་བའི་གྲོས་རིམ་ནང་གཏན་འཁེལ་བྱས་པའི་དབུལ་ཕོངས་སེལ་ བའི་དམིགས་ཚད་ལེགས་གྲུབ་བྱས་པ་དེས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་གདེང་ཚོད་ཆེན་པོ་སྦྱིན་ཡོད་པས། ཀྲུང་གོའི་དབུལ་སྐྱོར་ཐད་ཀྱི་ཇུས་གཞི་དག་ནི་རྒྱལ་ཁབ་མང་པོས་དཔྱད་གཞིར་འཛིན་ཆོག་པ་ཞིག་ཡོད་ཅེས་བརྗོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ།
རྩོམ་སྒྲིག་པ། སངས་སྐྱབས།