ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཐུར་ཁེའི་ཁེ་ལས་ཧ་ལམ་བརྒྱ་ཙམ་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ལ་ཞུགས་རྒྱུ་ཡིན་པ།

སྤེལ་དུས 2019-03-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྐྱིད་པོ།
           ཐུར་ཁེའི་ཕྱིར་གཏོང་ཚོང་པའི་ཚོགས་ཆེན་གྱིས་སྤྱི་ཚེས་༡༩ཉིན་སྔོན་དཔག་བྱས་པར། ཐུར་ཁེའི་ཁེ་ལས་ཧ་ལམ་བརྒྱ་ཙམ་ད་ལོ་ཧྲང་ཧེའི་རུ་གཉེར་རྒྱུའི་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ལ་ཞུགས་རྒྱུ་ཡིན་པ་རེད།
           ཐུར་ཁེའི་ཕྱིར་གཏོང་ཚོང་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཅུས་ཨར་ལེའི་ཡིས། ཐུར་ཁེའི་ཁེ་ལས་༣༨སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་ལ་ཞུགས་པ་དང་། རིན་ཐང་ཨ་སྒོར་དུང་ཕྱུར་༦དང་བྱེ་བ་༢ཟིན་པའི་གྲོས་མཐུན་བཞག་ཡོད་ཅེས་གསུངས་ཡོད། ཁོང་གིས། ཐུར་ཁེའི་ཕྱིར་གཏོང་ཚོང་པས་ཀྲུང་གོའི་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་བའི་ནང་འདྲེན་ཁྲོད་ནས་བཅད་གྲངས་ཐོབ་རེ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
           གཞན་ཡང་། དབྱི་སི་ཐན་པུར་གྱི་རྫས་འགྱུར་རིག་པའི་དངོས་རྫས་དང་རྗས་འགྱུར་རིག་པའི་ཐོན་རྫས་ཕྱིར་གཏོང་ཚོང་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕེ་ལི་སི་ཐེས་ཟུར་གསལ་གནང་བར། སྐབས་གཉིས་པའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཐོག ཐུར་ཁེའི་ཁེ་ལས་འགྲེམས་སྟོན་ནང་ཞུགས་རྒྱུའི་རྒྱ་ཁྱོན་ཧ་ལམ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༤༠༠༠ཟིན་རྒྱུ་དང་། སྐབས་དང་པོའི་ལྡབ་༥ཡིན་པ་དང་ཟ་རིགས་དང་སྨན་བཅོས་སྒྲིག་ཆས་སོགས་ཀྱི་ཐོན་རྫས་འགྲེམས་སྟོན་བྱེད་རྒྱུ་ཡིན་པ་རེད།