ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་མཁན་ཀྲུང་གོའི་དམག་དཔུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་པ།

སྤེལ་དུས 2019-03-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ཟླ་3ཚེས་18ཉིན། ཨེ་ཙེ་ཨོ་ཕི་ཡའི་ཨེ་ཏི་སི་ཨ་པ་པ་རུ་ཡོད་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་རུ་སྐུ་མགྲོན་ཚོས“འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་མཁན་ཀྲུང་གོའི་དམག་དཔུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་ལ་ལྟ་བའི་གནས་ཚུལ་ཡིན་པ།
           ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཛའ་གྲོགས་དང་ཆུ་ཚད་མཐོ་བའི་མཉམ་ལས་མཚོན་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ཡི་ཐོག་བརྩེགས་ཁང་ཆེན་དུ“ཞི་བདེའི་མཚོན་མདོག་སྔོན་པོས”གདིང་གཞིར་བྱས་པའི་འགྲེམས་པང་17ལས“ཀྲུང་གོའི་བར་ཁྱམས”ཤིག་གྲུབ་ནས་ཚོམས་ཆེན་ནང་གི་ཨ་ཧྥེ་རི་ཁའི་ཉམས་འགྱུར་མཚོན་པའི་ཤིང་ཟེ་རྔོག་གི་བཟོ་དབྱིབས་དང་གཅིག་ལ་གཅིག་རྒྱན་ངང་རྣམ་པར་བཀྲ་བའི་མཛེས་ལྗོངས་ཤིག་ཆགས་པ་འདི་ནི་ས་གནས་དེའི་དུས་ཚོད་ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡི་ཐོག་ཨེ་ཙེ་ཨོ་ཕི་ཡའི་ཨེ་ཏི་སི་ཨ་པ་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་པའི“འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་མཁན་ཀྲུང་གོའི་དམག་དཔུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་དེ་རེད།
           འགྲེམས་སྟོན་ཐོག་ལེགས་འདེམས་བྱས་པའི་མཚོན་བྱེད་རང་བཞིན་གྱི་པར་རིས་60ལྷག་ཙམ་དག“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་པ”དང་། “རྒྱལ་སྤྱིའི་མཚོ་ཐོག་བགྲོད་ལམ་གྱི་བདེ་འཇགས་སྲུང་སྐྱོང་བྱས་པ”“རྒྱལ་སྤྱིའི་རོགས་སྐྱོབ་དང་རོགས་སྐྱོར་བྱེད་པ”“བདེ་འཇགས་སྤེལ་རེས་མཉམ་ལས་བྱས་པ”བཅས་འགྲེམས་པང་ཁག་4རུ་བགོས་ནས་ཚོམས་ཆེན་ནང་སྟོན་པའི་རྒྱ་ཡིག་དང་དབྱིན་ཡིག་གི་བརྙན་ཐུང་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོའི་དམག་མིས་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་བསྒྲུབས་པའི་བྱས་རྗེས་དང་ཉམས་འགྱུར་ཁྱོན་ཡོངས་ནས་མངོན་པར་བྱས་པ་མ་ཟད། ད་དུང་ཀྲུང་གོའི་དམག་དཔུང་གིས་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་དང་ལེགས་སྐྱེས་ཧུར་ཐག་ཕུལ་བའང་མངོན་པར་བྱས་ཡོད།
           ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ཡི་དཔོན་རིགས་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕོ་ཉ་དང་དམག་དོན་འཐུས་མི། ཨ་ཧྥེ་རི་ཁའི་རྒྱུན་གྲབས་དམག་དཔུང་དང་ཨ་ཧྥེ་རི་ཁའི་ཉམས་ཉེན་ལ་ཁ་གཏད་གཅོག་པའི་འཕྲལ་སྒུལ་དཔུང་སྡེའི་འཐུས་མི་བཅས་དང་། མཉམ་འབྲེལ་རྒྱལ་ཚོགས་དང་བྱང་ཆིངས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་དཔོན་རིགས། ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། རི་པིན། ནོར་ཝེ། ཁུ་པ་སོགས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ས་ཁོངས་ཕྱིའི་རོགས་ཟླ་ཕྱོགས་ཀྱི་འཐུས་མི་ཁྱོན་བསྡོམས་མི་200ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
           ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་གནས་སྐབས་ཚབ་སྒྲུབ་པ་ཁྲེན་ཤུས་ཧྥོང་གིས་ཀྲུང་གོ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་རེད། ཨ་ཧྥེ་རི་ཁ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་ཤོས་འདུས་པའི་སྐམ་ས་ཆེ་མོ་ཞིག་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་སྔ་ས་ནས་བདག་གཞན་གཉིས་མེད་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཏུ་གྱུར་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་བྱ་གཞག་ལ་ཡུན་རིང་དོ་ཁུར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁར་སྤེལ་བའི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་དང་ཚོང་གྲུ་སྲུང་སྐྱེལ་ལས་འགན་ནང་ཧུར་ཐག་ཞུགས་ནས་ཨ་ཧྥེ་རི་ཁའི་རྒྱུན་གྲབས་དམག་དཔུང་འཛུགས་སྐྱོང་དང་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་བྱ་སྤྱོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་ཅེས་བརྗོད་པ་རེད།
           ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ལྷན་གྱི་འཐུས་མི་ཁན་པུའུ་ཆི་ཡིས་ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་གྲོགས་པོ་བློས་ཐུབ་ཡིན་པས་ཁྱབ་ཁོངས་ཚང་མའི་ཐོག་ནས་ཨ་ཧྥེ་རི་ཁར་ཧ་ཅང་གལ་འགངས་ཆེ་བའི་རྒྱབ་སྐྱོར་བྱས་ཡོད། ལྷག་པར་དུ་ཞི་བདེ་དང་བདེ་འཇགས་ཁྱབ་ཁོངས་ཐད་རྒྱབ་སྐྱོར་མང་པོ་བྱས་ཡོད། དེར་བརྟེན་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཨ་ཧྥེ་རི་ཁའི་ངོས་ནས་བརྗོད་ན་ཀྲུང་གོ་ནི་མིག་དཔེ་ལྟ་འོས་པའི་རོགས་ཟླ་ཞིག་ཡིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།