ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོར་བཅའ་སྡོད་ཨ་རིའི་དེ་སྔའི་ཕྱི་འབྲེལ་དཔོན་གྱིས་ཨ་རི་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ལ་སྐུལ་འདེད་ཏན་ཏན་གཏོང་རྒྱུའི་རེ་འབོད་བྱས་པ།

སྤེལ་དུས 2019-04-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་ཆེན་དབང་འདུས།
           ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཀྲུང་གོར་བཅའ་སྡོད་ཨ་རིའི་ཕྱི་འབྲེལ་མི་སྣ་མང་པོ་ཞིག་གིས་སྤྱི་ཚེས་༦ཉིན། ཉིའུ་ཡོག་ཏུ་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ཕུལ་བྱུང་ཀྲུང་གོ་བའི་སྒྲིག་འཛུགས་མི་བརྒྱ་ཚོགས་པའི་སྤྱི་ལོ་༢༠༡༩ལོའི་ལོ་ཚོགས་ཐོག ཨ་རི་དང་ཀྲུང་གོའི་འབྲེལ་བའི་མཉམ་ལས་བང་རིམ་ཐོག་ནས། ཨ་རི་དང་ཀྲུང་གོའི་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དེ་གལ་འགངས་ཧ་ཅང་ཆེན་པོ་ཡིན་པ་བསྟན་གནང་ཡོད།
           ཀྲུང་གོར་བཅའ་སྡོད་ཨ་རིའི་དེ་སྔའི་གཞུང་ཚབ་ཆེན་མོ་བ་རུའེ་ཤའོ་ཅན་གྱིས། ཨ་རི་དང་ཀྲུང་གོའི་བར་འགྲན་རྩོད་གནས་པ་ནི་དོན་དངོས་ཡིན། འོན་ཀྱང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་ཐད་མཉམ་ལས་གནས་པའང་དོན་དངོས་ཡིན། ཨ་རིའི་ཕྱོགས་ཀྱིས་འགྲན་རྩོད་ལ་ནན་བཤད་ཁོ་ན་བྱེད་པ་ལས་མཉམ་ལས་ལ་སྣང་འཇོག་མི་བྱེད་པའི་ཕྱོགས་ལྷུངས་བསམ་པ་དོར་ནས། དེ་བས་དམ་པ་དོན་གཉེར་གྱི་སྒོ་ནས་ཀྲུང་གོར་ལྟ་སྟངས་འཛིན་དགོས་པ་དང་། ཀྲུང་གོའི་གོང་འཕེལ་གྱིས་སྦྱིན་པའི་གོ་སྐབས་ཐོག་གཅིག་སྡུད་བྱེད་པ་ལས། དེ་ཉམས་ཉེན་དུ་བརྩི་མི་རུང་བའི་ངོས་འཛིན་གནང་ཡོད།
           ཨ་རི་དང་ཀྲུང་གོའི་ཉོ་ཚོང་གི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཨའེ་ལུན་གྱིས་ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་གཏིང་ཟབ་ཏུ་གཏོང་བ་དང་། ལྷག་པར་དུ་ཉེ་དུས་ཕྱི་ཕྱོགས་ཉོ་ཚོང་མ་འཇོག་གི་ཁྲོམ་རའི་ཞུགས་འཐུས་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་བ་སོགས་བྱ་ཐབས་ཀྱིས་ཨ་རིའི་ཀུང་སིར་ཚོང་ལས་ཀྱི་གོ་སྐབས་བསྐྲུན་ཡོད་ཅེས་བསྟན་ཡོད། 
           ཀྲུང་གོར་བཅའ་སྡོད་ཨ་རིའི་དེ་སྔའི་གཞུང་ཚབ་ཆེན་མོ་པའོ་ཁ་སིས་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་འགྱུར་ལྡོག་ཟམ་ཆད་པར་འགྲོ་བའི་འཛམ་གླིང་གི་གནས་བབ་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་དགོས་ཞེས་བསྟན་ཡོད།
           རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ཕུལ་བྱུང་ཀྲུང་གོ་བའི་སྒྲིག་འཛུགས་མི་བརྒྱ་ཚོགས་པའི་སྤྱི་ལོ་༢༠༡༩ལོའི་ལོ་ཚོགས་སྤྱི་ཚེས་༥ནས་༧ཉིན་བར་ཉིའུ་ཡོག་ཏུ་གཉེར་བ་དང་། དེའི་བརྗོད་དོན་གཙོ་བོ་ནི་ཨ་རི་དང་ཀྲུང་གོའི་མདུན་ལྗོངས་གསར་པ་ཞེས་པ་དེ་ཡིན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།