ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མོ་ཁེར་གྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་ཧན་པའོ་གྲུ་ཁའི་གོང་འཕེལ་ལ་ཕན་ནུས་ཆེན་པོ་ཐོན་ཡོད་ཅེས་བསྟན་པ།

སྤེལ་དུས 2019-05-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བསྟན་འཛིན་འཇམ་དཔལ།
           ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ཉིན་ཤས་གོང་འཇར་མན་བྱང་རྒྱུད་གྲོང་ཁྱེར་ཧན་པའོ་རུ་རྟོག་ཞིབ་གནང་སྐབས། ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་ཧན་པའོ་གྲུ་ཁའི་གོང་འཕེལ་ལ་ཕན་ནུས་ཆེན་པོ་ཐོན་ཡོད། ཧན་པའོ་ནི་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་ནང་གི་ལྷུ་ཚིགས་ཞིག་ཡིན། དེར་བརྟེན་འཇར་མན་གྱིས་གང་འདྲ་བྱས་ནས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས། འཇར་ཀྲུང་ཚུད་པའི་ཕྱོགས་ཁག་ལ་དྲང་བདེན་ལུགས་མཐུན་སྒོ་ནས་ཕན་པ་ཐོབ་རྒྱུར་གྲོས་བསྡུར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
           མོ་ཁེར་གྱིས། ཧན་པའོ་གྲུ་ཁས་ཁོང་ལ་གོ་ལ་ཧྲིལ་པོ་ཅན་གང་འདྲ་བྱས་ནས་ལག་བསྟར་བྱས་པ་དང་། དེ་བཞིན་ལག་བསྟར་དེའི་ནང་མི་རྣམས་ལ་ཕན་པ་ཇི་ལྟར་ཐོབ་པ་བྱ་རྒྱུ་དེ་ཡིན་ཞེས་བསྟན་ཡོད།
           གྲངས་གཞི་ལས་མངོན་པར། ཀྲུང་གོ་ནི་ཧན་པའོ་གྲུ་ཁའི་ཉོ་ཚོང་རོགས་པ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་མ་རྩའི་ཁེ་ལས་༥༥༠ལྷག་ཙམ་ཧན་པའོ་རུ་སྤྱི་ཁྱབ་པུའུ་དང་ཡན་ལག་པུའུ་སོགས་ཡོད།
           འཇར་མན་དང་ཀྲུང་གོའི་ཉོ་ཚོང་ཁྲོད། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཕྱེད་ཀ་ལྷག་ཙམ་ཧན་པའོ་གྲུ་ཁ་ནས་བརྒྱུད་དེ་དབོར་འདྲེན་བྱེད་དགོས། ཧན་པོའ་གྲུ་ཁའི་དོས་གམ་གྱི་སྤྱིའི་འབོར་ཚད་ནང་གསུམ་ཆ་གཅིག་ནི་ནང་འདྲེན་བྱེད་པའི་ཀྲུང་གོའི་ཚོང་ཟོག་ཡིན།
རྩོམ་སྒྲིག་པ། སངས་སྐྱབས།