ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕན་འབྲས་མངོན་གསལ་དོད་པ་དང་བར་ཁམས་འདང་ངེས་ཡོད་པ་སྟེ། ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལ་གདེང་འཇོག་ཡག་པོ་བྱས་པ།

སྤེལ་དུས 2019-05-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བསྟན་འཛིན་དབང་རྒྱལ།
            རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་རྙོག་འཛིང་ཆེ་བའི་འགྱུར་བ་ཕྱིན་པའི་རྒྱབ་ལྗོངས་ཆེན་པོའི་འོག་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་མདུན་དུ་སྐྱོད་པ་དང་། སྔ་བར་ཕྱི་གསུམ་དུ་ལུགས་མཐུན་འཁོར་རྒྱུག་གི་བར་ཁམས་ནང་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ཁོག་དཔལ་འབྱོར་གྱི་གྲངས་གཞི་གསར་ཤོས་ཀྱིས་ཀྱང་ཀྲུང་གོའི་དཔལ་འབྱོར་བརྟན་པ་དང་མཉེན་ཆ་ལྡན་པ་ར་སྤྲོད་ཐུབ་ཡོད། ཕྱི་རྒྱལ་གྱི་ལྟ་ཞིབ་མཁས་པས། ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་བརྟན་པོ་ཞེས་པ་གལ་ཆེར་འཛིན་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཉེན་ཁར་ཁ་གཏད་གཅོག་པའི་སྲིད་ཇུས་ཀྱི་བར་ཁམས་འདང་ངེས་ཡོད་པས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལྗོངས་ཡག་པོ་ཡོང་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
            ད་ལོའི་ནམ་དུས་དང་པོར། ཀྲུང་གོའི་དཔལ་འབྱོར་དུས་མཚུངས་ལས་བརྒྱ་ཆ་༦དང་གྲངས་ཆུང་༤འཕར་བ་དང་། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༡དང་གྲངས་ཆུང་༨འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་གསུམ་ཆག་པ་དང་། སྤྱི་ཡོངས་ནས་བཤད་ན་ཁྲོམ་རའི་མཁོ་སྤྲོད་དོ་སྙོམས་ཡིན་པ། ཕྱི་དངུལ་གྲབས་གསོག་ལྷག་གྲངས་ཨ་སྒོར་དུང་ཕྱུར་སུམ་ཁྲི་ཡན་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་སྤྱིའི་གཏོང་ཡོང་དོ་སྙོམས་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
            སྤྱི་ཟླ་དང་པོ་ནས་བཞི་པ་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་གསར་དུ་འཕར་སྣོན་བྱུང་བ་མི་ས་ཡ་བཞི་དང་ལྔ་འབུམ་དགུ་ཁྲི་ཟིན་པ་དང་། ལོ་ཧྲིལ་པོའི་འཆར་གཞིའི་བརྒྱ་ཆ་༤༢ལེགས་གྲུབ་ཐུབ་ཡོད། སྤྱི་ཟླ་བཞི་པར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་བརྒྱ་ཆ་༥་ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་གཉིས་ཆག་ཡོད།
            གྲངས་གཞི་ལས་མངོན་པར། ནང་མཁོ་དེ་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུ་ཡིན་པ་དང་། ན་ནིང་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་༧༦དང་གྲངས་ཆུང་༢ཟིན་ཡོད།
            འཛམ་གླིང་དཔལ་འབྱོར་ལ་གཏན་འཁེལ་མེད་པའི་རང་བཞིན་མང་དུ་འགྲོ་བ་དང་། རྒྱལ་སྤྱིའི་ཉོ་ཚོང་ཅུད་ཀྱི་འཕེལ་ཕྱོགས་ཛ་དྲག་ཏུ་སོང་བ། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་འཕར་ཆག་ཤུགས་ཆེར་སོང་བ་དང་འཛམ་གླིང་དཔལ་འབྱོར་དཀའ་ངལ་ཁྲོད་མདུན་ཕྱོགས་སུ་བསྐྱོད་ཡོད། རྒྱབ་ལྗོངས་དེའི་འོག ཀྲུང་གོས་སྤྱི་ཁོག་སྙོམས་སྒྲིག་ཚོད་འཛིན་ཟམ་མི་ཆད་པར་གསར་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་ཞིང་། དཔལ་འབྱོར་འཁོར་རྒྱུག་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ནས་གྲུབ་འབྲས་ཡག་པོ་བཏོད་པ་ནི་ལས་སླ་པོ་མ་ཡིན།
            མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་གོང་འཕེལ་གྲོས་ཚོགས་ཀྱི་དཔལ་འབྱོར་བྱ་དོན་གྱི་དཔོན་རིགས་ལེའང་གོ་ཡོང་གིས། འགྱུར་བ་ཆེན་པོ་གསུམ་དེ་ཀྲུང་གོའི་དཔལ་འབྱོར་གྱི་འབྱུང་འགྱུར་གོང་འཕེལ་གྱི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཡིན་པ་སྟེ། སྤུས་ཚད་ཀྱི་འཕོ་འགྱུར་གྱིས་དཔལ་འབྱོར་འཕར་སྣོན་དེ་སྤྱི་འབོར་སྔོན་ལ་འཇོག་པ་ནས་སྤུས་ཚད་ལའང་སྣང་ཆེན་བྱེད་པའི་ཕྱོགས་སུ་བསྐྱོད་པ་མཚོན་གྱི་ཡོད། ཕན་འབྲས་ཀྱི་འཕོ་འགྱུར་གྱིས་དཔལ་འབྱོར་འཕར་སྣོན་དེ་བརྟེན་པའི་རྒྱུ་རྐྱེན་ལ་མ་འཇོག་བྱེད་པ་ནས་ལག་རྩལ་ཡར་ཐོན་དང་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་བའི་ཕྱོགས་སུ་བསྒྱུར་བ། སྒུལ་ཤུགས་འཕོ་འགྱུར་གྱིས་ཞབས་ཞུའི་ལས་རིགས་དང་དེ་བཞིན་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ལས་སྒོ་གསར་པ་སོགས་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་འགྲོ་བ་མཚོན་གྱི་ཡོད།
            སེང་ཀ་ཕོའི་རྒྱལ་འཛུགས་སློབ་ཆེན་ཨེ་ཤ་ཡ་ཤར་མའི་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲེང་ཡོང་ཉན་གྱིས། ཀྲུང་གོའི་དཔལ་འབྱོར་གྱིས་ཐོན་ལས་རིམ་འཕར་སོགས་ཀྱི་རྣམ་པ་བརྒྱུད་གྲངས་འབོར་རྣམ་པའི་གོང་འཕེལ་ནས་སྤུས་ཚད་རྣམ་པའི་གོང་འཕེལ་ཕྱོགས་སུ་བསྒྱུར་རྒྱུ་རེད། ལེགས་སྒྲིག་དེ་ལྟ་བུ་ནི་འབྱུང་འགྱུར་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་རེད། ཀྲུང་གོས་མུ་མཐུད་མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་མཐོ་རུ་གཏོང་རྒྱུ་དེ་ངེས་པར་དུ་དངོས་གཟུགས་དཔལ་འབྱོར་ལ་བརྟེན་དགོས་པ་དང་། དངོས་གཟུགས་དཔལ་འབྱོར་གོང་འཕེལ་གཏོང་བར་ལག་རྩལ་གསར་སྐྲུན་དང་ལམ་ལུགས་སྒྱུར་བཅོས་སོགས་ལ་བརྟེན་ནས་ལེགས་གྲུབ་བྱེད་དགོས་ཞེས་གསུངས་པ་རེད།
            དུས་ཡུན་རིང་པོ་ཀྲུང་གོའི་དཔལ་འབྱོར་ལ་དོ་ཁུར་བྱེད་མཁན་ཕྱི་རྒྱལ་གྱི་ལྟ་ཞིབ་མཁས་པས། མ་གཞི་རྒྱལ་སྤྱིའི་དཔལ་འབྱོར་ཁོར་ཡུག་གི་གནས་ཚུལ་གཏན་འཁེལ་མེད་རུང་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་འགྲོ་བའི་འཁོར་ལམ་ཐོག་བརྟན་པོའི་ངང་མདུན་སྐྱོད་ཐུབ་པ་དང་། དེར་གཏིང་ཟབ་པའི་ནང་ཁུལ་གྱི་གཏན་ཚིགས་ཡོད་པ་སྟེ། རྒྱུན་མཐུད་སྒྱུར་བཅོས་སྒོ་དབྱེ་བྱས་པ་བརྒྱུད་ནང་སྐྱེའི་འཕར་སྣོན་སྒུལ་ཤུགས་ཐོབ་པ་དང་། ཁྲོམ་ར་དང་སྲིད་གཞུང་གི་གནས་མཚམས་དབྱེ་བ་གསལ་པོ་བཟོས་པ་དེས་ཁྲོམ་རའི་མངོན་མེད་ནུས་པ་དང་སྲིད་གཞུང་གི་སྤྱི་ཁོག་སྙོམ་སྒྲིག་ཚོད་འཛིན་ནུས་པས་རང་རང་སོ་སོའི་བཟང་ཆ་འདོན་སྤེལ་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
            ཉེ་བའི་ལོ་ཤས་ནང་། ཀྲུང་གོས་གཞུང་གཉེར་ཁེ་ལས་དང་ནོར་ཁྲལ་དངུལ་རྩའི་སྒྱུར་བཅོས་མགྱོགས་སུ་བཏང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལའང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད། གྲ་སྒྲིག་ལོ་མང་བྱས་པའི་སྒྱུར་བཅོས་མང་པོ་ཞིག་འགག་གཏོར་ཐུབ་པ་དང་། ཡུན་རིང་འགག་གཏོར་མ་ཐུབ་པའི་དཀའ་གནད་ཁག་ཅིག་ཀྱང་རིམ་བཞིན་འགག་གཏོར་ཐུབ་པ་དང་། སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་ཚད་བཀག་བཟོ་མཁན་སྒྲིག་གཞི་དང་ནང་རྐྱེན་ཀྱི་འགལ་རྐྱེན་མང་པོ་ཞིག་ཀྱང་མེད་པ་བཟོས་ཡོད།
            ཕྱི་རྒྱལ་གྱི་རིག་གནས་པས། ཉེ་བའི་ལོའི་ནང་ཀྲུང་གོའི་སྒྱུར་བཅོས་ལ་བརྟན་པོའི་ཁྲོད་སྐུལ་འདེད་གཏོང་བ་དང་། འགལ་རྐྱེན་སྣ་ཚོགས་སེལ་བཞིན་ཡོད་པས། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་སོགས་སྒོ་འབྱེད་རྒྱ་བསྐྱེད་གཏོང་བའི་བྱ་ཐབས་རབ་དང་རིམ་པ་རིམ་བཞིན་དོན་ཐོག་ཏུ་འཁྱོལ་བ་ཚང་མའི་ཐོག་ནས། ཐོན་སྐྱེད་རྒྱུ་རྐྱེན་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། ཀྲུང་གོའི་དཔལ་འབྱོར་དང་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཡོད། རྒྱུ་རྐྱེན་བཟང་པོ་དེ་དག་ལ་བརྟེན་ནས། ཀྲུང་གོའི་དཔལ་འབྱོར་བརྗེ་སྒྱུར་རིམ་སྤོར་ལའང་གསོན་ཤུགས་ཀྱིས་ཁེངས་ཤིང་། འཕེལ་རྒྱས་གཏོང་གཞི་ཆེན་པོ་དེ་གང་ལེགས་མངོན་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།
            རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་སྒྲིག་འཛུགས་ཀྱི་སྤྱི་འདོམས་པ་ལ་ཅ་དེས། ཀྲུང་གོའི་དཔལ་འབྱོར་སྲིད་ཇུས་བརྟན་ལ་ཕན་འབྲས་ཆེ་བ་དང་། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུ་དེ་ཡང་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་དང་ཁ་བྲལ་ཐབས་མེད་ཅེས་བསྟན་གནང་ཡོད། IMFདབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་གྷེ་ཕེ་སྣ་ཐེས། ཀྲུང་གོའི་དཔལ་འབྱོར་བརྟན་པོ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཀྲུང་གོའི་སྲིད་གཞུང་གིས་བྱ་ཐབས་བློ་ཐག་ཆོད་པོས་བཟུང་བ་དང་། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་ཕྱོགས་བསྡུས་བེད་སྤྱོད་བྱས་པས་ཡིན་པའི་ངོས་འཛིན་གནང་ཡོད།
            དེར་བརྟེན། IMFཡིས་མི་རིང་བའི་གོང་དུ་ད་ལོའི་འཛམ་གླིང་དཔལ་འབྱོར་འཕར་ཚད་སྔོན་དཔག་ལས་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་གཉིས་དམའ་རུ་གཏོང་བ་དང་ཆབས་ཅིག ཀྲུང་གོའི་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་གཅིག་ཡར་མཐོ་རུ་བཏང་བས། ཀྲུང་གོ་དེ་ཉིད་འཛམ་གླིང་ཧྲིལ་པོའི་ནང་འཕར་ཚད་སྔོན་དཔག་ལས་མཐོ་རུ་བཏང་བའི་དཔལ་འབྱོར་མ་ལག་གཙོ་བོ་ཉག་ཅིག་དེར་གྱུར་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།