ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨེ་ཅིབ་ཀྱི་གཞོན་ནུས“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་འཛུགས་སྐྲུན་ཁྲོད་འབད་འཐབ་བྱས་ནས་འཚར་ལོངས་ཡོང་བ་བྱས་པ།

སྤེལ་དུས 2019-05-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཟླ་བཞི་པའི་ཟླ་མཇུག་གི་ཉིན་ཞིག་ལ་ལོ་27ལ་སླེབས་པའི་ཨེ་ཅིབ་ཀྱི་གཞོན་ནུ་ཨ་ལི·ཨ་ཕུའུ་ཏུའུ་ལེ་-པཱ་ཆི·མུའུ་ཧན་མུའུ་ཏེས་ཁ་ཆད་ཀྱི་དུས་ཚོད་ལྟར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་ཡོད་པའི་ཀྲུང་གོ་རྫས་འགྱུར་ལས་གྲྭ་འཛུགས་སྐྲུན་ཚད་ཡོད་ཀུང་སི་བཅུ་དྲུག་པའི(གཤམ་དུ་རྫས་འགྱུར་འཛུགས་སྐྲུན་ཀུང་སི་བཅུ་དྲུག་པ་ཞེས་བསྡུ་རྒྱུ)གནས་ཡུལ་དུ་ཡོང་།
          “ཨེ་ཅིབ་བ་དང་ཀྲུང་གོ་བ་ནི་གྲོགས་པོ་བཟང་པོ་ཞིག་ཡིན་པས་ངས་རྣམ་གྲངས་དེ་ཡག་པོ་སྒྲུབ་ངེས་ཡིན”ཞེས་ཨ་ལིས་གད་མོ་དགོད་བཞིན་ཀྲུང་གོ་ཕྱོགས་ཀྱི་ལས་དོན་མི་སྣར་དེ་ལྟར་བཤད། དེ་རྗེས་ཨ་ལིས་དེ་ནས་ཁ་བྲལ་ཏེ་རང་ཉིད་ཀྱི་ཀུང་སི་ལས་ཡུལ་དུ་ཞུགས་རྒྱུའི་ཐད་གྲ་སྒྲིག་བྱེད་འགོ་ཚུགས།
          ཨ་ལིས་གླེང་བའི་རྣམ་གྲངས་ནི་རྫས་འགྱུར་འཛུགས་སྐྲུན་ཀུང་སི་བཅུ་དྲུག་པ་དང་གནས་དེ་གའི་སྐྱུར་རྩི་བཟོ་གྲྭའི་དབར་བཞག་པའི་ལོ་གསར་པའི་ཐོན་སྐྱེད་གཉེར་སྐྱོང་འགན་ལེན་གྱི་གན་རྒྱ་དང་དེ་བཞིན་ལས་གྲྭ་ཙག་ཙིག་དག་ཡིན་པ་དང་ཨ་ལིའི་ངལ་ལས་ཀུང་སིའང་དེའི་ནང་ཞུགས་ཡོད།
          ཨ་ལི་དང་རྫས་འགྱུར་འཛུགས་སྐྲུན་ཀུང་སི་བཅུ་དྲུག་པའི་འབྲེལ་བ་ནི་2017ལོ་ནས་འགོ་ཚུགས་ཡོད། སྐབས་དེ་དུས་རྫས་འགྱུར་འཛུགས་སྐྲུན་ཀུང་སི་བཅུ་དྲུག་པས་ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་ཞིང་ཆེན་གྱི་ལིན་ལུད་བཟོ་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ཤིག་སྐྲུན་འགན་ཁུར་བ་དང་ཨ་ལི་གློག་བཟོ་མཁན་ཞིག་གི་ངོས་ནས་རྣམ་གྲངས་དེའི་ནང་ཞུཌ་ཡོད།
          “རྣམ་གྲངས་སྐྲུན་རིང་ངར་གླ་ཆ་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་ཀྲུང་གོའི་བཟོ་སྐྲུན་ལག་རྩལ་མང་པོ་ཞིག་ཤེས་བྱུང”ཞེས་ཨ་ལིས་དེ་ལྟར་བཤད།
          རྫས་འགྱུར་འཛུགས་སྐྲུན་ཀུང་སི་བཅུ་དྲུག་པའི་ཨེ་ཅིབ་ཡན་ལག་ཀུང་སིའི་ཅིང་ལི་སུང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་བཟོ་པ་དང་ཨེ་ཅིབ་ཀྱི་བཟོ་པའི་ལག་རྩལ་སྤེལ་རེས་ལས་དེ་གའི་བཟོ་པའི་ལྕགས་རྩིབས་བསླས་སྟངས་ཀྱི་ལག་རྩལ་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། ངར་ལྕགས་ཀྱི་གསོག་སྣོད་སྒྲིག་སྦྱོར་བྱེད་རིང་ཀྲུང་གོ་ཕྱོགས་ཀྱིས་འགོ་མཇུག་སློག་པའི་བྱེད་སྟངས་སྤྱད་པས་དེ་ནི་ཡོ་རོབ་ཀྱིས་རྟག་ཏུ་སྤྱོད་པའི་བྱེད་སྟངས་ལས་མྱུར་ཚད་དེ་བས་མགྱོགས་པ་ཡོད།
          ལོ་གཅིག་ལྷག་ཙམ་གྱི་སྦྱོང་བརྡར་བརྒྱུད། ཨ་ལི་ཡི་གཟབ་ཅིང་ནན་པའི་ལས་ཀའི་རྣམ་འགྱུར་ལ་ཀྲུང་གོ་ཕྱོགས་ཀྱི་ལས་བཟོའི་ཡིད་ཆེས་ཆེན་པོ་ཐོབ་པ་དང་། ཁོང་སྤྱིར་བཏང་གི་གློག་བཟོ་མཁན་ཞིག་ནས་ཨར་སྐྲུན་རུ་ཁག་གི་འགན་ཁུར་བར་གྱུར་བ་དང་། རང་ཉིད་ཀྱི་ཨར་སྐྲུན་རུ་ཁག་ཡོད་པ་མ་ཟད། ད་དུང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་རྣམ་གྲངས་སྔར་ལས་མང་བའི་ནང་ཞུགས་ཡོད།
          2018ལོའི་ཟླ་བཞི་པར་རྫས་འགྱུར་འཛུགས་སྐྲུན་ཀུང་སི་བཅུ་དྲུག་པས་སྐྲུན་འགན་ཁུར་བའི་པེན་པན་འོད་ཤུགས་ཐོན་ལས་གླིང་གི་ཀྲའོ་ཝ་186ཟིན་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་ཨེ་ཅིབ་ལྷོ་རྒྱུད་ཀྱི་ཨ་སི་དབང་བྱེ་ཐང་དུ་དངོས་སུ་ལས་འགོ་བཙུགས་པ་དང་། ཨ་ལིའི་ཨར་སྐྲུན་རུ་ཁག་དེའི་ནང་ཞུགས་པའི་གོ་སྐབས་ཐོབ་ཡོད། ངལ་རྩོལ་ཞབས་ཞུ་སྔར་ལས་ལྷག་པ་བྱེད་ཆེད། ཨ་ལིས་ཡུལ་དེའི་བཅའ་ཁྲིམས་གཞིར་བཟུང་རང་ཉིད་ཀྱི་ངལ་ལས་ཀུང་སི་ཐོ་འགོད་བྱས་པ་དང་། “ལས་དཔོན”ཞིག་ནས་ཀུང་སིའི་སྦྱིན་བདག་ལ་དངོས་སུ་གྱུར། 2019ལོའི་ཟླ་3པར་འོད་ཤུགས་རྣམ་གྲངས་ཀྱི་ཤོང་ཚད་ཆ་ཚང་གི་གློག་དྲ་ཟླ་སྒྲིལ་བཏང་ནས་གློག་གཏོང་འགོ་ཚུགས་པ་དང་། ཨ་ལིས་ཞབས་ཞུ་མཇུག་འགྲིལ་རྗེས་སླར་ཡང་ལས་བཟོ་རྣམས་འཁྲིད་ནས་རྣམ་གྲངས་གསར་པའི་ཁྲོད་ཞུགས་འགོ་ཚུགས།
          “ངའི་བསམ་འདུན་ཆེ་ཤོས་ནི་ཕྲུ་གུ་གཉིས་ཆེན་པོ་ཆགས་རྗེས་ཁོང་གཉིས་འཁྲིད་ནས་ཀྲུང་གོར་ལྟ་བར་འགྲོ་འདོད་པ་དེ་ཡིན”ཀྲུང་གོའི་ལས་བཟོར་ཨ་རབ་ཀྱི་སྐད་སློབ་མཁན་ཨ་ལིས་རིམ་བཞིན་སྟབས་བདེ་ལ་གོ་ཆོད་པའི་རྒྱ་སྐད་ཁག་གཅིག་ཤེས་ཡོད།
          གློག་བཟོ་མཁན་ཞིག་ནས་ལས་དཔོན་དང་མཐར་སྦྱིན་བདག་ཆགས་པའི་ཨ་ལིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རང་གི་འཚོ་བར་འགྱུར་ལྡོག་བཏང་ཡོད་ལ། ཁོང་དང་མཉམ་དུ་ལས་ཀ་བྱེད་མཁན་གྱི་བདེ་འཇགས་པ་མོ་ཧན་མུའུ་ཏེ་དང་སྐད་སྒྱུར་ཤེ་ཧ་པུའུ་སོགས་ཨེ་ཅིབ་ཀྱི་ཕུལ་བྱུང་གཞོན་ནུ་ཚོའང་ཁོང་གི་སྣེ་ཁྲིད་འོག་ཀྲུང་གོའི་ཀུང་སི་དང་ཡུན་རིང་མཉམ་ལས་བྱེད་འགོ་ཚུགས་ཏེ“རྒྱུད་གཅིག་ལམ་གཅིག”སྐྲུན་པའི་ཁྲོད་མཉམ་དུ་འབད་འཐབ་དང་འཚར་ལོངས་ཡོང་བཞིན་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།