ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་ཧ་སག་སི་ཐན་ལ་ཕན་པ་མང་པོ་ཐོབ་པ།

སྤེལ་དུས 2019-05-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཉིན་ཤས་གོང་ཨ་སི་ཐ་ནེའི་དཔལ་འབྱོར་གླེང་སྟེགས་སྐབས་བཅུ་གཉིས་པ་ཧ་སག་སི་ཐན་གྱི་རྒྱལ་ས་ནུའར་སུའུ་ཏན་དུ་འཚོགས་ཤིང་། ཧ་སག་སི་ཐན་ནོར་སྲིད་པུའི་རྒྱལ་ཁབ་ཡོང་འབབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ལ་ཐེ·སུའུ་ཏན་ཅ་ཅི་ཡེ་ཕུའུ་ཡིས་གླེང་སྟེགས་འཚོག་རིང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་ཞིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་ཧ་སག་སི་ཐན་ལ་ཕན་པ་མང་པོ་ཐོབ་ཡོད་ཅེས་བརྗོད་པ་རེད།
          སུའུ་ཏན་ཅ་ཅི་ཡེ་ཕུའུ་ཡིས་ཧ་ཀྲུང་དབར་གྱི་འབྲེལ་བ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་གདེང་འཇོག་ཆེན་པོ་གནང་ཞིང་། ཁོང་གིས་རྒྱལ་ཁབ་གཉིས་པོའི་དབར་ཚོང་དོན་འགྲོ་འོང་བྱས་ནས་ཡུན་རིང་ཕྱིན་པ་དང་གནའ་བོའི་དར་གོས་ལམ་བུ་ཧ་སག་སི་ཐན་ནས་བརྒྱུད་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་འདོན་ས་ཐོག་མ་ཡིན་པའི་ཧ་སག་སི་ཐན་གྱིས་ཉེ་བའི་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་ཆབས་ཅིག་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཀྱང་རྒྱུན་ཆད་མེད་པར་ཐོབ་ཡོད། མིག་སྔར་ཀྲུང་ཧས་ལོ་འཁོར་མོ་ཕྱོགས་གཉིས་སུ་ཕྱེ་བའི་འགག་སྒོ་5དང་སྣུམ་རླངས་ས་ཁོངས་སྒྲོལ་བའི་སྐྱེལ་འདྲེན་མདོང་ལམ་5དེ་བཞིན་རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས་1བཅས་ཤར་གཏོང་ཐུབ་པ་དང་། “ཧོའར་ཀོའོ་སི་ནས་ཤར་རྒྱལ་སྒོ་ཆེན་པོ་བར”གྱི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ཆུ་མེད་གྲུ་ཁ། “ཡོ་རོབ་ནུབ་རྒྱུད་ནས་ཀྲུང་གོའི་ནུབ་རྒྱུད་བར”གྱི་མྱུར་བགྲོད་གཞུང་ལམ་སོགས་རྣམ་གྲངས་ཀྱང་སྔ་རྗེས་སུ་སྐྲུན་མཇུག་འགྲིལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད་ཅེས་བརྗོད་པ་རེད།
          སུའུ་ཏན་ཅ་ཅི་ཡེ་ཕུའུ་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དེང་རབས་ཅན་ལ་འཛུགས་སྐྲུན་མགྱོགས་པོ་བྱེད་པ། ཚོང་དོན་འགྲོ་འོང་དང་ཕན་ཚུན་མ་འཇོག་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་པ་ལས་ཧ་ཕྱོགས་ལ་ཕན་འབྲས་ཆེན་པོ་ཐོན་པའི་ངོས་འཛིན་གནང་ཞིང་། ཁོང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་ཚོང་ཟོག་ཧ་སག་སི་ཐན་བརྒྱུད་ས་མཚམས་ལས་བརྒལ་ནས་དབོར་འདྲེན་བྱས་པ་ལས་ཧ་སག་སི་ཐན་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་དང་གོ་སྐབས་བཟང་པོ་བྱུང་བ་མ་ཟད། ད་དུང་ཧ་སག་སི་ཐན་དང་ཡོ་རོབ་མནའ་འབྲེལ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་ཐད་ཀྱི་འགྲོ་འོང་ལའང་སྐུལ་འདེད་ཐེབས་ཡོད་ཅེས་བརྗོད་པ་རེད།
          2016ལོར་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”འཛུགས་སྐྲུན་དང“འོད་ཟེར་ལམ་བུའི”དཔལ་འབྱོར་སྲིད་ཇུས་གསར་པའི་སྦྲེལ་མཐུད་མཉམ་ལས་འཆར་འགོད་སྐོར་ལ་མིང་རྟགས་བཀོད་ཡོད། སུའུ་ཏན་ཅ་ཅི་ཡེ་ཕུའུ་ཡིས་ཧ་སག་སི་ཐན་གྱི“འོད་ཟེར་ལམ་བུའི”དཔལ་འབྱོར་སྲིད་ཇུས་གསར་པའི་དམིགས་ཚད་གཙོ་བོ་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་གཏོང་རྒྱུ་དང་ས་མཚམས་ལས་བརྒལ་ནས་དབོར་འདྲེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། “དེ‘རྒྱུད་གཅིག་ལམ་གཅིག’གྲོས་འགོ་དང་མཐུན་ཡོད”སྦྲེལ་མཐུད་མཉམ་ལས་ཀྱི་འཆར་གཞི་དོན་འཁྱོལ་བྱས་རྗེས་ཕྱོགས་གཉིས་པོའི་ཚོང་དོན་ཆུ་ཚད་མཐོ་རུ་ཕྱིན་ཏེ། ལས་ཞུགས་གོ་སྐབས་སྔར་བས་མང་བ་ཐོབ་ནས་ཧ་སག་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།