ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་དངོས་སུ་སྤྱོད་འགོ་ཚུཌ་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་བརྗོད་པ།

སྤེལ་དུས 2019-07-10 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
             ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན། དེ་ནི་ཨ་ཧྥེ་རི་ཁའི་དཔལ་འབྱོར་གཞི་གཅིག་ཅན་འཕེལ་རིམ་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད་ལ། དེས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བརྗོད་པ་རེད།
             ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བ་གཞིར་བཟུང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དམིགས་བསལ་དབུ་ཚོགས་ནི་ཀྲེར་འཚོགས་ནས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་དངོས་སུ་སྤྱོད་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
             ཀེང་ཧྲོང་གིས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་ཡིན་པའི་ངོས་ནས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན། དེ་ནི་ཨ་ཧྥེ་རི་ཁའི་དཔལ་འབྱོར་གཞི་གཅིག་ཅན་འཕེལ་རིམ་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་འབད་དང་མཐུན་སྒྲིལ་དར་རྒྱས་ཀྱི་འདུན་པ་ཆེན་པོ་དང་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ནས་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་བརྗོད་པ་རེད།
             “མིག་སྔར་རྒྱལ་སྤྱིའི་དུས་བབ་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པ་དེས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད”ཅེས་ཁོང་གིས་བརྗོད་པ་རེད།
             ཀེང་ཧྲོང་གིས། ཉེ་བའི་ལོ་10ཡི་ནང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཤིག་ཡིན། སྒྲིག་བཀོད་འབྲེལ་མཐུད་དང་། ཚོང་དོན་སྟབས་བདེ། ཐོན་ལས་སྐུལ་སྤེལ་སོགས་ཀྱི་ཐད་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་འབད་དང་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཡོད། ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་དངོས་སུ་སྤྱོད་འགོ་བཙུགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་མདུན་ལམ་གསར་པ་ཞིག་བཏོད་ཡོད་ཅེས་བརྗོད་པ་རེད།
             “ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཨ་ཧྥེ་རི་ཁ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱ་རྒྱུ་དེ་ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་དང་འབྲེལ་མཐུད་དམ་ཟབ་བྱས་ནས་ཐོག་མའི་ཕན་འབྲས་དེ་བས་མང་བ་ཐོན་ཐབས་བྱས་ཏེ་ཨ་ཧྥེ་རི་ཁས་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཚོང་དོན་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་རྒྱབ་སྐྱོར་དེ་བས་མང་བ་བྱེད་འདོད་ཡོད”ཅེས་ཀེང་ཧྲོང་གིས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།