ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་ཨ་རིས་དབྱི་རན་ལ་མུ་མཐུད་གནོན་ཤུགས་སྤྲད་པ་ནི་དབྱི་རན་གྱི་ཉིང་རྡུལ་གནད་དོན་ལ་ཉམས་ཉེན་འཕྲད་པའི་འབྱུང་རྩ་རེད་ཅེས་བརྗོད་པ།

སྤེལ་དུས 2019-07-10 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཨ་རིས་དབྱི་རན་ལ་མུ་མཐུད་གནོན་ཤུགས་སྤྲད་པ་ནི་དབྱི་རན་གྱི་ཉིང་རྡུལ་གནད་དོན་ལ་ཉམས་ཉེན་འཕྲད་པའི་འབྱུང་རྩ་རེད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་གིས་བཟོད་སྒོམ་བྱས་ཏེ་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ལ་མུ་མཐུད་སྲུང་སྐྱོང་དང་ལག་ལེན་བསྟར་རྒྱུར་མཐུན་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
            དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཟླ་7ཚེས་7ཉིན་དབྱི་རན་གྱིས་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ནང་གི་ཡིའུ་གར་བཟོ་བྱེད་ཚད་མཐོ་ཤོས་ཀྱི་གཏན་འབེབས་ལས་ཚད་བརྒལ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
            ཀེང་ཧྲོང་གིས་དབྱི་རན་ཕྱོགས་ཀྱིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ལག་ལེན་བསྟར་བའི་ཁས་ལེན་སྔར་བས་ཉུང་དུ་བཏང་བར་ཀྲུང་གོ་ཕྱོགས་བློ་ཕམ་ཆེན་པོ་་བྱུང་། ཕྱོགས་ཡོངས་ཀྱི་གྲོས་མཐུན་ཆ་ཚང་པོ་དང་གོ་ཆོད་པོའི་སྒོ་ནས་ལག་ལེན་བསྟར་རྒྱུ་འགན་ལེན་བྱེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་བླང་བྱ་ཡིན་ལ་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་དང་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་བའི་དངོས་ཡོད་དང་གོ་ཆོད་པའི་ཐབས་ལམ་འབའ་ཞིག་དེ་རེད་ཅེས་བརྗོད་པ་རེད།
            “ང་ཚོས་འབྲེལ་ཡོད་ཕྱོགས་ཁག་གིས་སྤྱི་ཡོངས་དང་ཕུགས་ལ་དམིགས་ནས་བཟོད་སྒོམ་བྱས་ཏེ་མཉམ་འབྲེལ་ཨུ་ལྷན་གྱི་ལམ་སྲོལ་ལ་བརྟེན་ནས་སྐད་ཆ་ཤོད་རེས་བྱས་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལ་མུ་མཐུད་སྲུང་སྐྱོང་དང་ལག་ལེན་བསྟར་རྒྱུར་མཐུན་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན”ཞེས་ཀེང་ཧྲོང་གིས་བརྗོད།
            “ངས་ནན་བཤད་བྱ་འདོད་པ་ནི། ཨ་རི་ཕྱོགས་ཀྱིས་དབྱི་རན་ལ་མུ་མཐུད་གནོན་ཤུགས་ཆེན་པོ་སྤྲད་པ་ནི་དབྱི་རན་གྱི་ཉིང་རྡུལ་གནད་དོན་ལ་ཉམས་ཉེན་འཕྲད་པའི་འབྱུང་རྩ་རེད”ཅེས་ཀེང་ཧྲོང་གིས་བརྗོད་པ་དང་། ཁོང་གིས་ཨ་རི་ཕྱོགས་ཀྱིས་གྲོས་མཐུན་ནས་ཕྱོགས་རྐྱང་པའི་ངང་དོན་པ་མ་ཟད་ད་དུང་ཕྱོགས་རྐྱང་པས་བཀག་སྡོམ་དང་ལག་རིང་བདག་སྐྱོང་བྱས་ནས་དབྱི་རན་དང་ཕྱོགས་གཞན་གྱིས་གྲོས་མཐུན་ལག་ལེན་བསྟར་རྒྱུར་འགོག་རྐྱེན་དེ་བས་མང་བ་བཟོ་ཡི་ཡོད་ཅེས་བརྗོད།
            ཁོང་གིས་ཕྱོགས་རྐྱང་པའི་བཙན་གནོན་བྱེད་སྤྱོད་དེ་ཉིན་རེ་བཞིན་སྡུག་ཏུ་འགྲོ་བའི“སྐྲན་ནད”ལྟ་བུར་གྱུར་པ་དང་། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་གནད་དོན་དེ་བས་མང་བ་དང་ཉེན་ཁ་དེ་བས་ཆེ་བ་བཟོ་བཞིན་ཡོད་པ་དོན་དངོས་ལས་ར་འཕྲོད་བྱས་ཡོད། “རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་འཛིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བརྩི་སྲུང་གིས་འདྲ་མཉམ་ངང་སྐད་ཆ་ཤོད་རེས་བྱེད་པར་བརྟེན་ནས་འབྲེལ་ཡོད་གནད་དོན་ཆབ་སྲིད་ཕྱི་འབྲེལ་ཐོག་ནས་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་དགོས”ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།