ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོས་ཕུལ་བའི་གོང་འཕེལ་གནད་དོན་གྱི་གྲོས་ཆོད་ལ་སླར་ཡང་གྲོས་འཆམ་བྱུང་བ།

སྤེལ་དུས 2019-07-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མཚམས་གཅོད།
             མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཚེས་12ཉིན་ཀྲུང་གོས་ཕུལ་བའི་གོང་འཕེལ་གྱིས་འགྲོ་བ་མིའི་ཐོབ་ཐང་ཚང་མ་ལོངས་སྤྱོད་བྱ་རྒྱུར་འབུལ་བའི་ལེགས་སྐྱེས་ཞེས་པའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། དེ་ནི་སྤྱི་ལོ་2017ལོའི་རྗེས་གོང་འཕེལ་གྱི་གནད་དོན་ཐད་གལ་ཆེའི་གྲོས་ཆོད་བཏོན་པ་མ་ཟད་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ཐེངས་གཉིས་པ་དེ་ཡིན་པ་རེད།
             ཉིན་དེ་གར། གྲོས་ཆོད་དེར་བཟང་ཆེ་བའི་ཐོག་ནས་གྲོས་འཆམ་བྱུང་ཡོད། གྲོས་ཆོད་ནང་གོང་འཕེལ་གྱིས་འགྲོ་བ་མིའི་ཐོབ་ཐང་ཚང་མ་ལོངས་སྤྱོད་བྱ་རྒྱུར་འབུལ་བའི་ལེགས་སྐྱེས་གལ་ཆེན་དང་མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་ཁ་ཕྱོགས་པ་མངོན་འགྱུར་བྱེད་པ་ནི་རྒྱལ་ཁབ་ཁག་གི་སྔོན་ལ་བསམ་བློ་གཏོང་བའི་ལས་འགན་ཡིན་པ་བསྐྱར་བཤད་བྱས་ནས། རྒྱལ་ཁབ་ཁག་ནས་མི་དམངས་ཀྱིས་ལྟེ་བ་བྱེད་པའི་གོང་འཕེལ་ཡོང་བ་དང་། གོང་འཕེལ་གྱིས་མི་དམངས་ལ་ཕན་བདེ་སྐྲུན་རྒྱུའི་རེ་འབོད་བྱས་པ་མ་ཟད། རྒྱལ་ཁབ་ཁག་གིས་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་སྐལ་འདེད་བཏང་སྟེ། གོང་འཕེལ་དང་། དབུལ་ཕོངས་སེལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་རེ་འབོད་བྱས་ཡོད་པ་རེད།
             ཁུ་པ་དང་། ཨེ་ཅིབ། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ། པ་གི་སི་ཐན་བཅས་ཀྱི་རྒྱུན་ཞུགས་སྐུ་ཚབ་ནས་གཏམ་བཤད་གནང་སྐབས་ཀྲུང་གོས་སླར་ཡང་བཏོན་པའི་གྲོས་ཆོད་འཆར་ཟིན་འདིར་བསྔགས་བརྗོད་བྱས་པ་མ་ཟད། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཐོག་གོང་འཕེལ་གནད་དོན་སྐོར་ལ་སྣེ་ཁྲིད་དེ་གྲོས་བསྡུར་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།