ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཧྥ་རན་སིའི་རྒྱལ་སྟོན་དུས་ཆེན་གྱི་དམག་གཟིགས་མཛད་སྒོ་དེ་ཧྥ་རི་སིར་འཚོགས་པ།

སྤེལ་དུས 2019-07-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཟླ་བ་ཚེ་རིང་།
           སྤྱི་ཚེས་༡༤ཉིན་ལོ་གཅིག་དུས་གཅིག་གི་ཧྥ་རན་སིའི་རྒྱལ་སྟོན་དུས་ཆེན་གྱི་དམག་གཟིགས་མཛད་སྒོ་དེ་ཧྥ་རི་སིར་སྐོང་འཚོགས་བྱས་པ་དང་། ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་གིས་ཤང་ཧྲེ་ལིའི་སྲང་ལམ་ཆེན་མོའི་ཐོག་ཏུ་དམག་དཔུང་ལ་གཟིགས་ཞིབ་གནང་བ་མ་ཟད། ཡོ་རོབ་གླིང་གི་རྒྱལ་ཁབ་བཅུ་ལྷག་གི་འགོ་ཁྲིད་མི་སྣ་གཟིགས་ཞིབ་ནང་ཞུགས་རྒྱུར་གདན་འདྲེན་ཞུས་ཡོད་པ་རེད། ཧྥ་རན་སིའི་ད་ཐེངས་ཀྱི་དམག་གཟིགས་མཛད་སྒོའི་ཐོག་གི་སྔོན་ཐོན་གོ་མཚོན་སྒྲིག་ཆས་ལ་ཕྱོགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་རེད།
           དམག་གཟིགས་མཛད་སྒོ་འགོ་ཚུགས་མ་ཐག་ཧྥ་རན་སིས་སྔོན་ཐོན་ཚན་རྩལ་གོ་མཚོན་མི་ཉུང་བ་ཞིག་སྟོན་ཡོད་པ་རེད། དེའི་ནང་ངར་ལྕགས་དཔའ་བོ་དང་འདྲ་བའི་འཕུར་མིའི་འཁྲབ་སྟོན་ནི་སྐད་གྲགས་ཆེ་ཤོས་སུ་གྱུར་ཡོད། ཧྥ་རན་སིའི་རླང་འབུད་འཁྱག་ཤུར་གྱི་འཛམ་གླིང་གསེར་གྱི་རྟགས་མ་ལེན་མཁན་བཀྲ་ཕ་ཐ་ཡིས་ལག་ཏུ་རིང་མདའ་འཁྱེར་ནས་རང་གིས་གསར་གཏོད་བྱས་པའི་འཕུར་ཆས་ཐོག་ཏུ་བསྡད་དེ་དམག་གཟིགས་མཛད་སྒོའི་གཟིགས་སྟེགས་ཀྱི་མཁའ་དབྱིངས་ཀྱི་སྨི་བཅུའི་སར་འཕུར་བཞིན་ཡོད་པ་རེད། ཧྥ་རན་སིའི་རྒྱལ་སྲུང་པུའི་དཔོན་རིགས་ཀྱིས་སྨྱན་སྦྱོར་ལས་ཁུངས་ལ་གཤོག་འཁྱིལ་འཕྲུལ་འཁོར་ཆུང་གྲས་འདི་རིགས་འབྱུང་འགྱུར་ཧྥ་རན་སིའི་དམིགས་བསལ་དཔུང་སྡེས་བེད་སྤྱོད་བྱ་བཟོ་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།