ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱ་གར་གྱི་ཁང་པ་ཞིག་བརྡིབས་ནས་མི་14རྐྱེན་ལམ་དུ་ཤོར་བ།

སྤེལ་དུས 2019-07-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས རྩོམ་པ་པོ།
              སྤྱི་ཟླ་7ཚེས་16ཉིན། རྒྱ་གར་འབོམ་འབེལ་ལྷོ་རྒྱུད་དུ་ཁང་པ་ཞིག་བརྡིབས་ནས་ཉུང་མཐར་ཡང་མི་14རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་ཡོད།
              དོན་རྐྱེན་ཐོན་རྗེས། ས་གནས་དེ་གའི་མེ་ཟོན་མི་སྣ་དང་སྨན་པ་སོགས་ཀྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་བཞིན་ཡོད་མོད། འོན་ཀྱང་མཐའ་འཁོར་གྱི་འགྲོ་ལམ་གུ་དོག་པའི་དབང་གིས་འཕྲུལ་ཆས་ཆེ་གྲས་དོན་རྐྱེན་ཐོན་ཡུལ་དུ་འགྲོ་དཀའ་བས་རོགས་སྐྱོབ་མི་སྣས་ལག་པར་བརྟེན་ནས་ཁང་པའི་ཞིག་རོ་གཙང་སེལ་བྱེད་བཞིན་ཡོད།
              སྨྱན་སྦྱོར་ཐོག་ཁང་པ་དེ་ཡུན་རིང་ཉམས་གསོ་མ་བྱས་པས་བརྡིབས་པའི་ཉེན་ཁ་ཡོད་པ་སྔར་ནས་ཤེས་ཡོད་སྐོར་བཀོད་ཡོད་ལ། དེའི་ཐད་འབོམ་འབེལ་གནས་སའི་མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཧྥ་ཏེ་ན་ཝུའེ་སིས་བཅར་འདྲི་དང་ལེན་བྱེད་སྐབས་དེའི་གོང་སྲིད་གཞུང་གིས་དོན་རྐྱེན་ཐོན་པའི་ས་ཁོངས་ཀྱི་ཨར་སྐྲུན་བཟོ་བཅོས་འཆར་གཞིར་ཆོག་མཆན་སྤྲད་མྱོང་ཡོད་མོད། འབྲེལ་ཡོད་འཆར་གཞི་དོན་འཁྱོལ་བྱ་རྒྱུ་ནར་འགྱངས་བྱས་ཡོད་མེད་སོགས་གསལ་བོ་མིན་པས་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད་འདུག
              རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ནང་སྲིད་པུའུ་ཀྲང་ཧྲ་ཨ་སོ་སོས་སྨྱན་སྦྱོར་བརྒྱུད་དོན་རྐྱེན་ལ་དོ་ཁུར་གནང་ཞིང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཡང་ཞུས་འདུག
རྩོམ་སྒྲིག་པ། སངས་སྐྱབས།