ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་དཔྱད་གླེང་འགོ་བརྗོད་དུ་ཚོད་དཔག་བྱེད་དཀའ་བའི་ཨ་རིའི་སྲིད་འཚོང་མི་སྣར་ཆོས་ལུགས་རང་མོས་གླེང་བའི་ཐོབ་ཐང་གང་ཡོད་ཅེས་འཁོད་པ་སྤེལ་བ།

སྤེལ་དུས 2019-07-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              ད་ལྟ་རྒྱལ་སྤྱིའི་དཔྱད་གླེང་འགོ་བརྗོད་དུ་ ཚོད་དཔག་བྱེད་དཀའ་བའི་ཨ་རིའི་སྲིད་འཚོང་མི་སྣར་ཆོས་ལུགས་རང་མོས་གླེང་བའི་ཐོབ་ཐང་གང་ཡོད་ཅེས་འཁོད་པ་ཞུ་རྒྱུ་ཡིན།
              ཨ་རིའི་མི་ཁ་ཤས་ཤིན་ཅང་དང་བོད་ལྗོངས་སུ་འགྲོ་མྱོང་རྩ་བ་ནས་མེད་པར། ཁོ་ཚོས་ས་གནས་དེ་ཚོའི་ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་དོན་དངོས་གནས་ཚུལ་ལ་མིག་བཙུམས་ནས་མི་ལྟ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲང་པོར་བཤད་པའི་དཔྱད་གཏམ་རྣ་རྒྱབ་ཀྱི་ལྷགས་པ་ལྟ་བུར་བརྩི་བ། རྫུན་གཏམ་སྣ་ཚོགས་བློ་གཅིག་སེམས་གཅིག་གིས་སྒྲིག་བཟོ་བཅས་བྱས་ཏེ། གཞན་ལ་སྨྲ་ཐབས་མེད་པའི་ཆབ་སྲིད་དམིགས་ཡུལ་ཐོབ་རེ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། ཨ་རི་སོ་སོས་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་གསལ་བསྒྲགས་གང་བྱུང་སྤེལ་བས། རྒྱལ་ཁབ་གཞན་ལ་ཐེ་ཇུས་དང་རང་འདོད་སྨྲ་བའི་ཐོབ་ཐང་གང་ནས་ཡོད། ཨ་རིའི་མི་ཁ་ཤས་ཀྱིས་ཤེས་བཞིན་དུ་མ་ཤེས་པར་བརྫུས་པ་དང་། ཚད་བཀག་བརྩེགས་མ་ལག་བསྟར་བྱས་ནས་ཀྲུང་གོས་ཆོས་ལུགས་ཁྲིམས་འགལ་བྱ་སྤྱོད་ཁྲིམས་ལྟར་ཐག་གཅོད་བྱེད་པ་དེ་གཏོར་བཤིག་བཏང་བར་ངན་སྨྲས་བྱེད་པ་དང་། ཐ་ན་བསྙོན་མེད་ངང་ཁྲིམས་འགལ་མི་སྣ་ཁ་ཤས་དང་ཐུག་འཕྲད་དང་ཁོ་ཚོའི་རྒྱབ་ལངས་བྱས་ཐོག་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད། དེ་ལྟ་བུའི་རང་དོན་སྤྱི་བཙུགས་སུ་བཀུར་བའི་བྱ་སྤྱོད་ཀྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་གནོད་སྐྱོན་བཟོས་པ་མ་ཟད། ཨ་རིའི་མིང་གྲགས་ལ་གནོད་པ་ཆེན་པོ་བཟོས་ཏེ་ཨ་རི་རང་ཉིད་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་རྒྱུ་ལས་མ་འདས་པ་ཞིག་རེད།
              ཀྲུང་ཨའི་མཉམ་ལས་ནི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་། དམངས་སེམས་ཕྱོགས་ས་ཞིག་ཡིན། ཨ་རིའི་མི་ཁ་ཤས་ཀྱིས་ཆོས་ལུགས་མིང་དུ་འཁྱེར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་ཐབས་ཀྱིས། གཅིག་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དང་རྒྱབ་འགལ་ཕྱིན་ཡོད་ལ། གཉིས་ནས་རྒྱལ་ཁབ་གཉིས་པོའི་དམངས་འདོད་དང་ཡང་རྒྱབ་འགལ་ཕྱིན་ཡོད། ཁོ་ཚོས་དེ་ལྟ་བུའི་བྱ་སྤྱོད་བཟུང་བ་དམིགས་ཡུལ་གང་འདྲ་ཞིག་གི་ཆེད་དུ་ཡིན་ན་ཡང་དེ་ནི་ནམ་ཡང་བསྒྲུབ་ཐབས་མེད་པ་ཞིག་རེད།
རྩོམ་སྒྲིག་པ། སངས་སྐྱབས།